གསང་དོན་རྣམ་འབྱེད་འཕྲུལ་གྱི་ལྡེ་མིག་ཅེས་བྱ་བ་བཞུགས་སོ།།

0
605
ཀུན་བཟང་རྒྱལ་བ་འདུས་པ།

རྩོམ་པ་པོ། མཉམ་མེད་ཤེས་རབ་རྒྱལ་མཚན།

༄༅། །སད་གྱེར་སྤུངས་ལ་དུན་གུ་ཧྲུན། །ཡུལ་མཆོག་དམ་པ་འགྲོ་བའི་མགོན། །བླ་མ་ཡི་དམ་མཁའ་འགྲོ་ལ། །སྒོ་གསུམ་གུས་པས་ཕྱག་འཚལ་ལོ། །ཐབས་ཆེན་ཟབ་མོའི་འཇུག་སྒོ་ལ། །གདུལ་བྱ་ཉེ་བར་བཀྲིད་ཕྱིར་དུ། །མཁས་རྣམས་བཀའ་ལ་རབ་བརྟེན་ནས། །ཟབ་མོའི་རིམ་པ་འདིར་བཤད་བྱ། །སྟོན་པ་ཀུན་ཏུ་བཟང་པོ་ཡིས། །འོག་མིན་བོན་ཉིད་མི་འགྱུར་དབྱིངས། །གླིང་དགུ་བཀོད་ལེགས་ཕོ་བྲང་དེར། །ཡེ་ཤེས་སྤྲུལ་པའི་འཁོར་རྣམས་ལ། །རང་བཞིན་བྱིན་རླབས་སྒོ་ནས་བཤད། །དེ་ནས་རིག་འཛིན་གཤེན་མཆོག་སྡེས། །ཐུགས་རྗེས་ཐབས་ཀྱིས་རིམ་པར་བརྒྱུད། །གོང་མའི་ཐུགས་དམ་མཁྱེན་སྟོབས་ཀྱིས། །འོག་མ་རིག་འཛིན་ས་ལ་བཀོད། །སེམས་ཅན་ཐར་པར་དྲང་བ་དང༌། །འཁོར་རྣམས་ཡེ་ཤེས་རབ་བསྐྱེད་ཅིང༌། །ལོག་སྡེའི་ཆོ་འཕྲུལ་བཟློག་པའི་ཕྱིར། །སྤྱི་སྤུངས་གསང་བའི་བོན་སྡེ་བཤད། །གཞི་ནི་བདེན་པ་རྣམ་པ་གཉིས། །རོལ་བའི་འཆར་ཚུལ་མཐའ་ཡས་རྣམས། །ལྷ་དང་ལྷ་མོ་

བསམ་མཐའ་ཡས། །སྐུ་དང་ཡེ་ཤེས་འགག་མེད་པ། །དེ་ཉིད་སྤྲོས་བྲལ་སྙིང་པོར་འདུ། །ལྷག་པའི་དོན་དམ་ཀུན་རྫོབ་ལྟ། །གསས་མཁར་རིན་ཆེན་སྤྱི་སྤུངས་ལ། །རྩ་བ་དང་ནི་ཡན་ལག་གཉིས། །རྩ་བ་གསང་བ་བསེན་ཐུབ་ཉིད། །ཡན་ལག་རྒྱས་འབྲིང་བསྡུས་པ་དང༌། །ཡང་ཁོལ་གལ་པོའི་སྐོར་དང་བཞི། །རྒྱས་པ་ཞི་བའི་དོན་སྐོར་དང༌། །ཁྲོ་བོ་རྒྱུད་ཀྱི་སྐོར་གཉིས་སོ། །དོན་སྐོར་ལ་ཡང་རྣམ་པ་གསུམ། །དོན་དྲུག་མེ་ལོང་རྣོ་ལ་གཉིས། །དོན་གྱི་གཞུང་དྲུག་འདི་ལྟ་སྟེ། །ལྟ་དོན་སྡོང་པོ་དགུ་འདུས་དང༌། །སྒོམ་དོན་གབ་པ་དགུ་སྐོར་དང༌། །སྤྱོད་དོན་ཐིག་ལེ་སུམ་སྒྲིལ་དང༌། །དམ་ཚིག་ས་མ་ཡ་འབུམ་སྡེ། །ཕྲིན་ལས་གཡུང་དྲུང་ཡོངས་སུ་རྫོགས། །དངོས་གྲུབ་གསང་བའི་ལྡེ་མིག་གོ། །ཆ་ལག་མེ་ལོང་དགུ་སྐོར་ནི། །ཐབས་ཀྱི་མེ་ལོང་རྐྱང་སྦྲག་སྤྱོད། །འཛིན་པའི་མེ་ལོང་ལུན་ནོན་ཆེ། །གནས་པའི་མེ་ལོང་ལུང་ཕྲན་ཉིད། །གསུང་གི་མེ་ལོང་ཁུ་བྱུག་སྒྲོག །ཐུགས་ཀྱི་མེ་ལོང་ཅོག་བཞག་དང༌། །གསལ་བའི་མེ་ལོང་རིག་པའི་རྒྱུན། །གོམ་པའི་མེ་ལོང་ལུང་གི་རྒྱུན། །བསྐལ་པའི་མེ་ལོང་ངང་ཐག་དང༌། །སྣང་ལ་དངོས་མེད་འཛུབ་ཚུགས་སོ། །རྣོ་ནི་གཉེན་གྱི་སྙིང་བཅོས་ཏེ། །དཀར་པོ་གོང་སྔོན་ཟ་བྱེད་དང༌། །ནག་པོ་ཁྱུང་ནག་རལ་ཆེན་ནོ། །རྒྱུད་སྐོར་ལ་ཡང་རྣམ་པ་གསུམ། །རྒྱུད་དང་བསྒྲུབ་ཐབས་ཆ་ལག་གོ། །གཡུང་དྲུང་གསང་བའི་རྒྱུད་དྲུག་ནི། །ཁྱུང་ཆེན་རྒྱུ་འཕྲུལ་དྲྭ་བ་གཉིས། །སྲོག་འཛིན་དགུ་འཕར་གཉིས་ཏེ་བཞི། །ལས་ཐིག་ཐབས་ཞགས་གཉིས་དང་དྲུག །བསྒྲུབ་ཐབས་དབང་ཆེན་སྐབས་ཕྲིན་བཅས། །ཆ་ལག་བདེལ་ཁ་རྣམ་པ་གཉིས། །ཆ་ལག་མཆོང་ཆུང་སྒོ་དགུ་ནི། །རྩེ་རྒྱལ་ཐིག་ལེ་དགུ་དང་གཉིས། །འོད་ཟེར་འཁྱིལ་དང་འགུ་ཡ་དང༌། །ལས་བཞི་རྒྱུན་ལྔ་ཉི་ཟེར་ཞགས། །དབལ་མོ་ལས་ཐིག་རབ་འབྱམས་སྐོང། །གསལ་བྱེད་མེ་ལོང་ཉིད་དང་དགུ། །ལས་ཁའི་མདེལ་ཐུང་ཁ་བཞི་ནི། །གོ་ཆ་དབལ་གསས་བསྲུང་བཟློག་གཉིས། །བརྣག་པ་ལས་ཀྱི་སྙིང་གཟེར་དང༌། །གནམ་སའི་སྐྱིན་འདང་མདེལ་ཐུང་ངོ༌། །འབྲིང་སྐོར་ཞི་ཁྲོ་རྣམ་པ་གཉིས། །ཆ་ལག་རྒྱས་བསྡུས་དག་ནས་བླང༌། །བསྡུས་པར་གཞུང་དང་ཆ་ལག་དང༌། །ཆ་རྐྱེན་རྣོ་དང་བཅས་པའོ། །གཞུང་ལ་ཞི་ཁྲོ་གསང་ཐུས་སོགས། །ཆ་ལག་སྒྲོན་མ་དགུ་སྐོར་ལ། །ཆ་སྐྱེན་གལ་པོ་དབང་སྒྲོན་ནོ། །རྣོ་ནི་གནམ་ལྕགས་ཟ་འགྲམ་སོགས། །གལ་པོ་ལ་ཡང་རྣམ་པ་གཉིས། །རྒྱུད་ལུང་སྙིང་པོའི་སྐོར་དང་ནི། །སྙན་རྒྱུད་ལྡེ་མིག་སྐོར་གཉིས་སོ། །རྒྱུད་ལུང་སྙིང་པོའི་སྐོར་ལ་གསུམ། །རྒྱུད་དང་ལུང་དང་ཆ་ལག་གོ། །རྒྱུད་ལ་ཞི་ཁྲོ་རྣམ་པ་གཉིས། །ལུང་ལ་ཞི་ཁྲོ་གཉིས་གཉིས་ཏེ། །ཆ་ལག་ཨ་དཀར་ཐེག་པ་སོགས། །ཤི་རི་ལོག་དང་གསོན་འདུར་དང༌། །དགྲ་བདུད་སྙིང་གཟེར་ཚེ་གཡང་བསྒྲུབ། །དེ་སོགས་ཆ་ལག་མན་ངག་བཅས། །ལྡེ་མིག་ཡང་གབ་ལས་སོགས་དགུ། །བསམ་སྦྱོར་དག་པས་རབ་སྒྲོག་མཛོད།། ཡང་དག་དོན་བསྒྲུབ་རིམ་པ་ནི། །གཞི་ལམ་འབྲས་བུའི་སྒོ་ནས་བཤད། །ཤེས་བྱ་གཤིས་ཀྱི་གནས་ལུགས་དང༌། །ཡང་མེས་ངོ་བོ་ཉིད་ཀྱི་དོན། །འཁོར་འདས་ཀུན་གྱི་གཞི་རྩ་ནི། །རིག་པ་བྱང་ཆུབ་སེམས་ཉིད་དོ། །ཇི་བཞིན་ཉིད་ཀྱི་སྐྱེ་མཆེད་ཆ། །རང་བཞིན་རྣམ་པ་བདུན་ལྡན་ཏེ། །སྐྱེ་མེད་རང་རིག་འོད་གསལ་དང༌། །གཉིས་མེད་བདེ་བ་ཆེན་པོ་དང༌། །གཞན་ནས་མ་བྱུང་མ་འགག་པ། །ཡང་མེས་ཆེན་པོའི་རང་བཞིན་ལྡན། །དེ་ལ་རང་བཞིན་སྐྱེ་མེད་དང༌།། རོལ་པ་འགག་མེད་སྣ་ཚོགས་འཆར། །ངོ་བོ་ཐ་དད་གཉིས་སུ་མེད། །མཚན་ཉིད་མཐའ་བྲལ་ཆེན་པོར་གནས། །འཁྲུལ་པ་ཇི་ལྟར་བྱུང་བ་ནི། །ཐག་ཁྲ་སྦྲུལ་དུ་འཁྲུལ་བ་བཞིན། །བདེན་པ་མེད་ལ་བདེན་པར་འཁྲུལ། །དེ་ལས་མིང་གཞི་ཡོངས་སུ་གྲུབ། །དེ་ལས་ཁམས་གསུམ་རྒྱུ་དྲུག་འཁོར། །གཞི་ལ་འཁྲུལ་པ་ཡོད་མེད་ནི། །རང་བཞིན་ཡེ་ནས་རྣམ་དག་པས། །དེ་ལས་འཁྲུལ་འཁོར་ཡོད་མ་ཡིན། །རོལ་པའི་རྩལ་ལ་རྟོགས་འཁྲུལ་ཡོད། །རྟོགས་པའི་སྐབས་སུ་ཡེ་ཤེས་འཆར། །རྟོགས་འཁྲུལ་གཉིས་ཀ་རོལ་པར་གྲུབ། །འཁྲུལ་འཁོར་ཐོག་མ་ཡོད་མེད་ནི། །མ་རིག་པ་ལ་ཐུག་མེད་ཕྱིར། །འཁོར་བའི་ཐོག་མ་མེད་པར་བཞེད། །གཞི་ལས་སྐྱེ་ཞིང་འགག་པའི་ཕྱིར། །འཁོར་བའི་ཐོག་མ་ཡོད་པར་གསུངས། །ཕྱི་སྣོད་ལྷ་ཡི་གཞལ་ཡས་སུ། །གསལ་ལ་རང་བཞིན་མེད་པར་ལྟ། །ཕུང་པོ་ཁམས་དང་སྐྱེ་མཆེད་རྣམས། །ཡེ་ཤེས་རོལ་པ་འགག་མེད་དང༌། །ལྷ་དང་ལྷ་མོར་ཡེ་གནས་པ། །ནང་བཅུད་ལྷ་དང་ལྷ་མོར་ལྟ། །ཀུན་རྫོབ་རོལ་པའི་ལྟ་ཚུལ་ལོ། །དོན་དམ་གཤིས་ཀྱི་འདུག་ཚུལ་ནི། །དག་དང་མ་དག་བདེན་རྫུན་དང༌། །ལྷ་དང་གཞལ་ཡས་ལ་སོགས་པ། །བོན་ཅན་མཚན་མར་སྣང་བ་ཀུན། །བྱང་སེམས་ཐིག་ལེ་ཉག་གཅིག་ལ། །མ་ལུས་ཡོངས་སུ་རྫོགས་པར་འདུས། །དེ་ཉིད་སྤྲོས་པའི་མཚན་མས་དབེན། །ཡོད་མེད་རྟག་ཆད་མཐའ་སོགས་བྲལ། །སྐྱེ་མེད་གདོད་ནས་དག་པའི་བོན། །གང་གིས་མཚོན་ཅིང་བརྗོད་མི་ནུས། །རང་བཞིན་སྤྲོས་དང་བྲལ་མོད་ཀྱང༌། །སྐུ་དང་ཡེ་ཤེས་རོལ་པར་རྫོགས། །རྟོགས་འཁྲུལ་ཀུན་གྱི་འཆར་གཞིའོ། །དམིགས་བྱའི་ཡུལ་ནི་རྣམ་པ་གཉིས། །ཐུགས་རྗེའི་དམིགས་ཡུལ་འགྲོ་བ་དྲུག །བསྒྲུབ་བྱ་ཀུན་བཟང་བྱ་བྱེད་གཉིས། །དམིགས་གཞི་ངོས་བཟུང་དེ་ཉིད་དོ། །ཀུན་བཟང་ཐུགས་ཀྱི་ཐིག་ལེ་ལས། །སེམས་ཅན་དོན་དུ་ཕྱུངས་བ་ཡི། །བོན་སྒོ་ཐེག་རྒྱུད་ལྟ་སྤྱོད་ཀྱི། །རྗེས་སུ་རྣམ་པར་འབྲང་བ་ཡི། །འཇིག་རྟེན་དྲུག་ན་གནས་པ་ཡི། །སྲོག་གི་བསྡུས་པའི་སེམས་ཅན་གང༌། །བག་ཆགས་གཡོས་ནས་བསད་པ་ཡི། །དགའ་དད་མོས་པས་འདུན་སྤྱོད་པའི། །གང་ཟག་རྐྱེན་གྱིས་སད་པའོ། །ཁྱད་པར་རྟེན་ནི་དལ་འབྱོར་ལྡན། །འཛམ་གླིང་མི་ནི་རྟེན་ཅན་ནོ། །བསམ་པའི་རྟེན་ནི་སྔར་བསགས་ཀྱི། །བག་ཆགས་བཟང་པོ་སད་པ་དང༌། །སྐྱབས་སྡོམ་རྒྱུད་ལ་ཡོད་པའོ། །སྐྱབས་འགྲོའི་དབྱེ་བ་བཞི་རུ་

དགོངས་ཚུལ་མེད།

གསལ་བརྡ། གལ་སྲིད་སྐུ་ཉིད་ཀྱིས་རྩོམ་གྱི་གཤམ་དུ་དཔྱད་གཏམ་སྤེལ་ཚེ་ངེས་པར་མཁྱེན་དགོས་པ་ནི། རང་མིང་དངོས་དུ་བཀོལ་ནས་ཕན་ཚུན་གུས་བཀུར་དང་བརྩི་འཇོག་ལྡན་པའི་སྒོ་ནས་དཔྱད་མཆན་འདེབས་རྒྱུ་མ་ཟད་བསྟན་པར་འཚེ་བའི་རིགས་དགག་བྱ་རུ་དགོངས་དགོས་པ་དང་། དེ་བཞིན་ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་ནས་ཡུན་དུ་བརྟན་པ་དང་རྒྱས་དགོས་ཕྱིར་ཁྲིམས་འགལ་གཤེ་སྐུར་གྱི་རིགས་སྤང་བྱ་རུ་བཟུང་ནས་བསྟན་པ་སྤྱི་ལ་ཕན་པའི་མཆན་བུ་འདེབས་རོགས་གནང་ཞུ་ཞུ། །

ལན་སློགས།