རྒྱལ་བ་སྤྲུལ་པའི་སྐུ་མཆོག་བློ་ལྡན་སྙིང་པོ་ལ་བསྟོད་ཚིག

0
3970
གསང་གསུམ་བོན་གྱི་མཛོད་འཛིན་སྤྲུལ་པའི་སྐུ་མཆོག་བློ་ལྡན་སྙིང་པོའི་ཞབས་ལ་གུ་དུན་ཧྲུན། བློ་ལྡན་ཞལ་ཐང་འདི་ཉིད་ཁྱུང་པོ་སེར་རུའི་ལྷ་བཟོ་བསྟན་པ་ཉི་མས་བྲིས།

ཨེ་མ་ཧོ། །ཟག་མེད་ཚུལ་ཁྲིམས་ཕུང་པོའི་རྨང་བརླིང་ངོས། །འགྱུར་མེད་ཏིང་འཛིན་ཁྱུ་མཆོག་ལ་བརྟེན་ཏེ། །
རབ་གསལ་ཤེས་རབ་སྤྱན་བརྒྱས་བོན་ཀུན་གསལ། །མདོ་སྡེ་རྒྱ་མཚོའི་གཏེར་མཛོད་ཁྱེད་ལ་འདུད། །

ཡེ་གཞི་བརྩེ་བ་རྒྱ་མཚོའི་སྙིང་པོ་ཅན། །ས་བོན་ཕྱག་མཚན་རྟེན་ལས་བཞེངས་པའི་སྐུ། །
སྣ་ཚོགས་སྤྲུལ་པས་སྲིད་ཞིའི་དྲ་བ་བཅོམས། །གསང་ཆེན་མངའ་བདག་ཁྱེད་ལ་ཕྱག་འཚལ་ལོ། །

རང་འབྱུང་རང་གསལ་བརྟན་གཡོ་ཀུན་ལ་འཇུག །རྫུ་འཕྲུལ་རོལ་པའི་རྣམ་པ་བསམ་མཐའ་ཡས། །
གདུལ་བྱའི་ལེན་ཀར་མཐུན་པའི་མགོན་ཤར་བ། །ཡང་དག་སངས་རྒྱས་ངོ་བོར་གུས་པས་འདུད། །

བསྟན་འཛིན་སྐྱེས་མཆོག་དག་གིས་བསྐུལ་བའི་ངོར་བསྟན་རྣམ་བགྲེས་པོས་གཤེན་བསྟན་དར་རྒྱས་གླིང་དུ་བྲིས།

དགོངས་ཚུལ་མེད།

གསལ་བརྡ། གལ་སྲིད་སྐུ་ཉིད་ཀྱིས་རྩོམ་གྱི་གཤམ་དུ་དཔྱད་གཏམ་སྤེལ་ཚེ་ངེས་པར་མཁྱེན་དགོས་པ་ནི། རང་མིང་དངོས་དུ་བཀོལ་ནས་ཕན་ཚུན་གུས་བཀུར་དང་བརྩི་འཇོག་ལྡན་པའི་སྒོ་ནས་དཔྱད་མཆན་འདེབས་རྒྱུ་མ་ཟད་བསྟན་པར་འཚེ་བའི་རིགས་དགག་བྱ་རུ་དགོངས་དགོས་པ་དང་། དེ་བཞིན་ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་ནས་ཡུན་དུ་བརྟན་པ་དང་རྒྱས་དགོས་ཕྱིར་ཁྲིམས་འགལ་གཤེ་སྐུར་གྱི་རིགས་སྤང་བྱ་རུ་བཟུང་ནས་བསྟན་པ་སྤྱི་ལ་ཕན་པའི་མཆན་བུ་འདེབས་རོགས་གནང་ཞུ་ཞུ། །

ལན་སློགས།