༧ཡོངས་འཛིན་ཚུལ་རྒྱན་པའི་གསུང་འབུམ་དཔེ་འགྲེམས་གསལ་བརྡ།

0
2066
འབྲེལ་ཡོད་ནས་འགོད་འཐུས་ཐོབ་པ་ལྟར་ཡོངས་ཁྱབ་ཏུ་སྤེལ།

ཡོང་ཁུངས། གསུང་འབུམ་སྒྲིག་ཞུས་སྡེ་ཚན།

༄༅། །དུས་རབས་ཀྱི་འཕོ་འགྱུར་མྱུར་མོ་འདིའི་ཁྲོད། མིག་རྡེབ་ཙམ་གྱི་ཡུན་ལ་མི་ཡི་བསམ་སྤྱོད་ལ་འགྱུར་བ་འགྲོ་བཞིན་ཡོད་ཅིང་། དེ་དང་འབྲེལ་བའི་མི་ཡི་འཚོ་བའི་ཉེར་སྤྱོད་ནི་དེ་བཞིན་ཆེས་ཚགས་ཆུང་ཞིང་སྟབས་བདེ་ཅན་དུ་འདོར་ལེན་བྱེད་བཞིན་ཡོད་པར་བརྟེན། ངེད་ཁྱུང་པོ་སྟེང་ཆེན་དགོན་གཡུང་དྲུང་བོན་གྱི་བཀའ་བརྟེན་དཔེ་རྙིང་ཕྱོགས་སྒྲིག་ཁང་དུ་རྩ་འཛུགས་རང་བཞིན་གྱིས་སྔར་བཞུགས་ཀྱི་བོན་དཔེ་རླབས་པོ་ཆེ་རྣམས་ཡུལ་དུས་ཀྱི་མི་ཡི་དགོས་མཁོ་དང་འཚམ་པའི་ཞུ་སྒྲིག་འགྲེམ་སྤེལ་བྱེད་པའི་ལས་གཞིའི་ཁྲོད་ནས། སྤྱིར་བོན་དཔེ་ཁག་ནི་གཅིག་བས་གཅིག་ཟབ་པར་སོང་གཤིས། གདམ་གསེས་བྱེད་པར་སུས་ཐིག་ཀྱང་།  བོན་ཕྱོགས་ཀྱི་བསླབ་པ་སློབ་གཉེར་བྱེད་པའི་བརྒྱུད་རིམ་ལ་གཞིགས་ན། སྒྱུ་རྩལ་རྩོམ་རིག་ལག་ལེན་བྱེད་ཕྱོགས་ནས་གཞུང་ལུགས་རང་བཞིན་གྱི་ཆེས་མཐུས་སྒོ་ཚང་བའི༼སྙན་ངག་གི་གཞུང་ཆེན་མོ་རིན་ཆེན་ལྡེ་མིག༽གཙོར་བྱས་ཐོག་སྒྱུ་རྩལ་བརྩམས་ཆོས་ཀྱིས་མི་སེམས་སྒུལ་སྐྱོམ་ནུས་ཤིང་། སྙན་ངག་དང་ལེགས་བཤད་གཞི་གཅིག་ཏུ་འདྲེས་པའི་བརྩམས་ཆོས་རྣམས་ཀྱིས་གདན་ཐོབ་ཚད་མཐོན་པོར་ཟིན་ཡོད་པ་དག་གི་བྱེད་པོ་སྒང་རུ་དཔོན་སློབ་ཚུལ་ཁྲིམས་རྒྱལ་མཚན་མཆོག་གི་གསུང་འབུམ་འདི་ཉིད་ད་ཐེངས་ངེད་ལས་མི་ཡོངས་ཀྱི་ལོ་མང་རིང་དཀའ་ཚགས་ཀྱི་རྔུལ་ཆུ་བྲུབ་པའི་བདག་རྐྱེན་གྱིས་དེབ་གཟུགས་སུ་བྱས་པའི་པོད་ཕྲེང་བརྒྱད་ཀྱི་བདག་ཉིད་ཅན་དེ་ཉིད། ཆ་ཚང་ཞུས་བསྒྲིགས་ཟིན་ཏེ་རྒྱ་ཆེའི་བོན་སྤྱོད་མཁན་རྣམས་ལ་གཟིགས་འབུལ་ཞུ་ཆེད། ཕྱོགས་སོ་སོའི་དཔེ་བསྐྲུན་ཁང་དག་ལ་འགྲེམ་སྤེལ་བྱེད་འཆར་ཡོད་པས་རྒྱ་ཆེའི་བླུ་ཉོ་བ་རྣམ་པས་དེ་ལུགས་ཐུགས་འཇགས་འཚལ།

གསུང་འབུམ་པོད་ཕྲེང་དཀར་ཆག

༡༽པོད་ཕྲེང་དང་པོ། བརྡ་སྤྲོད་སྐོར།

༢༽པོད་ཕྲེང་གཉིས་པ། སྙན་གཞུང་སྐོར།

༣༽པོད་ཕྲེང་གསུམ་པ། ལོ་རྒྱུས་སྐོར།

༤༽པོད་ཕྲེང་བཞི་པ། སྐར་རྩིས་སྐོར།

༥༽པོད་ཕྲེང་ལྔ་པ། ལེགས་བཤད་དང་ཞལ་གདམས་སྐོར།

༦༽པོད་ཕྲེང་དྲུག་པ། བསླབ་གསུམ་རྣམ་འབྱེད་སོགས།

༧༽པོད་ཕྲེང་བདུན་པ། གསང་དོན་རྣམ་འབྱེད་ཀྱི་འགྲེལ་བ།

༨༽པོད་ཕྲེང་བརྒྱད་པ། གསང་སྔགས་ཆ་ལག་སྐོར་བཅས་སོ། །

རིན་གོང་།

དེབ་དཀྱུས་མ་ 1-8 ཆ་ཚང་ལ་སྒོར། 190 དང་།

སྤུས་ལེགས་དེབ་ 1-8 ཆ་ཚང་ལ་སྒོར། 250 བཅས་ཡིན།

འབྲེལ་ཡུལ།    

ནག་ཆུ་ལ།   ཚུལ་ཁྲིམས་བློ་གྲོས།    ཁ་པར་ཨང་གྲངས།  17789064597

སྟེང་ཆེན་ལ།  ཡེ་ཤེས་དཔལ་ལྡན།   ཁ་པར་ཨང་གྲངས།  13618950805

ཁྲིན་ཏུའུ་ལ།  དགེ་བཤེས་བསྟན་པ།  ཁ་པར་ཨང་གྲངས།  13982188985

དགོངས་ཚུལ་མེད།

གསལ་བརྡ། གལ་སྲིད་སྐུ་ཉིད་ཀྱིས་རྩོམ་གྱི་གཤམ་དུ་དཔྱད་གཏམ་སྤེལ་ཚེ་ངེས་པར་མཁྱེན་དགོས་པ་ནི། རང་མིང་དངོས་དུ་བཀོལ་ནས་ཕན་ཚུན་གུས་བཀུར་དང་བརྩི་འཇོག་ལྡན་པའི་སྒོ་ནས་དཔྱད་མཆན་འདེབས་རྒྱུ་མ་ཟད་བསྟན་པར་འཚེ་བའི་རིགས་དགག་བྱ་རུ་དགོངས་དགོས་པ་དང་། དེ་བཞིན་ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་ནས་ཡུན་དུ་བརྟན་པ་དང་རྒྱས་དགོས་ཕྱིར་ཁྲིམས་འགལ་གཤེ་སྐུར་གྱི་རིགས་སྤང་བྱ་རུ་བཟུང་ནས་བསྟན་པ་སྤྱི་ལ་ཕན་པའི་མཆན་བུ་འདེབས་རོགས་གནང་ཞུ་ཞུ། །

ལན་སློགས།