༸སྐྱབས་རྗེ་སྨན་རིའི་ཁྲི་འཛིན་སོ་གཉིས་པ་ཤེས་རབ་བློ་གྲོས་རིན་པོ་ཆེ།

0
834
༧སྨན་རིའི་མཁན་ཆེན་ཁྲི་ཐོག་སོ་གཉིས་པ་ཤེས་རབ་བློ་གྲོས་རིན་པོ་ཆེ།

རྩོམ་གྱི་ཡོང་ཁུངས། ཁྱུང་སྨོན་ལམ་གྱི་གདོང་དེབ།

བརྟན་བཞུགས།༢༩༧སྨན་རིའི་ཡོངས་འཛིན་སློབ་དཔོན་བསྟན་འཛིན་རྣམ་དག་རིན་པོ་ཆེའི་གསུང་འབུམ། པོད་བཞི་པ་ཤོག་གྲངས་༡༧༦ ལས། གདན་རབས་སོ་གཉིས་པ་ཤེས་རབ་བློ་གྲོས་ཀྱི་འཁྲུངས་ཡུལ་ཀོང་པོ་སྟག་བྲོ་སའི་ཞོལ་གཡག་འགོ ཡབ་བསྟན་པ་དང་ཁོང་གི་ལྕམ་གཉིས་ཀྱི་ཡུལ་ཚ་བ་སྟོད་པ་ས་ཡི་བ། གུར་མདོ་བླ་བྲང་གི་ཉེ་བའི་ས་ནས་བྱོན་ཏེ་ཀོང་ཡུལ་དུ་གནས་བཅས་པ་ཞིག་ཡིན། ཁོང་དགུང་སྙིང་ཕག༼ཕྱི་ལོ་ ༡༩༣༥༽ ལོ་བཅུ་དྲུག་ཐོག་རབ་བྱུང་བཅུ་དྲུག་པའི་ལྕགས་སྟག་ལོར་སྨན་རིར་ཕེབས། སློབ་སྒོར་ཞུགས། སྨན་སློབ་སངས་རྒྱས་བསྟན་འཛིན་དང་བསྟན་འཛིན་རྣམ་དག་གཉིས་ཀྱི་དྲུང་ནས་གདན་སའི་བཅའ་སྒྲིག་ལྟར། བསྡུས་གྲྭ། རྟགས་རིགས། བློ་རིགས། ཚད་མ། ཕར་ཕྱིན། དབུ་མ། འདུལ་བ། མཛོད་བཅས་གསན་བསམ་མཛད། ཤིང་རྟ་ལོར་ཀོང་པོར་ཕེབས་ཏེ་ཡབ་དང་མཇལ། དགེ་བཤེས་གཏོང་བྱེད་ཀྱི་ཆས་ཀ་ཡང་གོ་སྒྲིག་མཛད། ཉེར་ཐམ་ཤིང་རྟ་ལོར་དགེ་བཤེས་བཞེངས། ཉེར་གཅིག་ཤིང་ལུག་ལོར་རྒྱལ་བའི་ཡེ་ཤེས་དབྱིངས་གཟིགས་ཀྱིས་རྒྱལ་བའི་གདན་སར་གསེར་ཁྲི་མངའ་གསོལ་ཕུལ། དེ་ནས་བཅད་རྒྱ་ཐུགས་དམ་བཞུགས་ནས་ས་ཕག་ལོ་མཇུག་ལྕགས་བྱི་ལོ་འགོར་བྲོས་བྱོལ་དུ་ཕེབས། ལྕགས་བྱི་ལོའི་དབྱར་སྟོད་དུ་གློ་ཡུལ་ཀླུ་བྲག་ཏུ་ཕེབས་ནས་འཁོར་འཐོར་བ་རྣམས་དེར་འདུས། ལྕགས་གླང་ལོར་ཕྱི་རྒྱལ་གྱི་རོགས་རམ་ལ་བརྟེན་ནས་ཌོལ་པ་ཊན་གྱི་གཞིས་ཆགས་དང་དགོན་པ་བཏབ། ཆུ་ཡོས་ལོར་༼ཕྱི་ལོ་ ༡༩༦༣༽རྒྱ་གར་དུ་ཕེབས་ནས་དགོངས་པ་བོན་དབྱིངས་སུ་བསྡུས་སོ།། །།ཞེས་གསལ་ཡོད།

དགོངས་ཚུལ་མེད།

གསལ་བརྡ། གལ་སྲིད་སྐུ་ཉིད་ཀྱིས་རྩོམ་གྱི་གཤམ་དུ་དཔྱད་གཏམ་སྤེལ་ཚེ་ངེས་པར་མཁྱེན་དགོས་པ་ནི། རང་མིང་དངོས་དུ་བཀོལ་ནས་ཕན་ཚུན་གུས་བཀུར་དང་བརྩི་འཇོག་ལྡན་པའི་སྒོ་ནས་དཔྱད་མཆན་འདེབས་རྒྱུ་མ་ཟད་བསྟན་པར་འཚེ་བའི་རིགས་དགག་བྱ་རུ་དགོངས་དགོས་པ་དང་། དེ་བཞིན་ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་ནས་ཡུན་དུ་བརྟན་པ་དང་རྒྱས་དགོས་ཕྱིར་ཁྲིམས་འགལ་གཤེ་སྐུར་གྱི་རིགས་སྤང་བྱ་རུ་བཟུང་ནས་བསྟན་པ་སྤྱི་ལ་ཕན་པའི་མཆན་བུ་འདེབས་རོགས་གནང་ཞུ་ཞུ། །

ལན་སློགས།