༸སྐྱབས་རྗེ་སྨན་རིའི་ཡོངས་འཛིན་སངས་རྒྱས་བསྟན་འཛིན་རིན་པོ་ཆེ།

0
1700
༧སྐྱབས་རྗེ་སྨན་རིའི་ཡོངས་འཛིན་སློབ་དཔོན་སངས་རྒྱས་བསྟན་འཛིན་རིན་པོ་ཆེ། ༼༡༩༡༢།༡༩༧༨༽

རྩོམ་གྱི་ཡོང་ཁུངས། ཁྱུང་སྨོན་ལམ་གྱི་གདོང་དེབ།

མཁས་དབང་དཔལ་ལྡན་ཚུལ་ཁྲིམས་ཀྱི་གཡུང་དྲུང་བོན་གྱི་བསྟན་འབྱུང་ཕྱོགས་བསྡུས།

བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་གི་ ༡༩༨༨ ལོའི་པར་མ།

དེབ་གཟུགས་ཤོག་གྲངས་ ༢༦༠ ལས།


སློབ་དཔོན་ཁྲི་ཐོག་སངས་རྒྱས་བསྟན་འཛིན་རྗེ།།
ཚོ་སྤྱི་ཧོར་རྗེའི་མངའ་ཁུལ་འབྲོག་ཤོག་ཏུ།།
རྨེའུ་གདུང་སྐྱེ་བླའི་སྲས་སུ་ཆུ་བྱི་ལོར།།
འཁྲུངས་ཤིང་མཁས་གྲུབ་དུ་མར་གདམས་ངག་གསན།།
གཡུང་དྲུང་གླིང་དུ་གཞུང་ལུགས་རབ་འབྱམས་བཞེངས།།
འབྲས་སྤུངས་སུ་བཞུགས་དབུ་ཚད་ཕར་ཕྱིན་སོགས།།
གཞུང་ཆེན་དུ་མར་སྦྱངས་རྟོགས་ཆེར་སོན་མཛད།།
མཁས་པའི་གྲགས་སྙན་ས་ཆེན་ཁྱབ་བཞིན་དུ།།
སྐུ་མདུན་ཉི་དབང་ཕྲིན་ལས་ལ་བསྟེན་ནས།།
སྨན་རིར་མཚན་ཉིད་བཤད་ཐོག་སློབ་དཔོན་བཞུགས།།
མདོ་སྔགས་སེམས་གསུམ་བསྟན་སྲིད་གསོ་སྤེལ་དང།།
མཛད་པ་བསམ་ཡས་གཟིགས་པས་རྒྱ་གར་བྱོན།།
དེང་སང་བསྟན་འགྲོའི་དོན་མཛད་ཞབས་པད་བརྟན།།
ཞེས་འཁོད་ཡོད།
དེང་སང་ཞེས་པ་ ༡༩༧༢ ལོར་གོ་དགོས།

དགོངས་ཚུལ་མེད།

གསལ་བརྡ། གལ་སྲིད་སྐུ་ཉིད་ཀྱིས་རྩོམ་གྱི་གཤམ་དུ་དཔྱད་གཏམ་སྤེལ་ཚེ་ངེས་པར་མཁྱེན་དགོས་པ་ནི། རང་མིང་དངོས་དུ་བཀོལ་ནས་ཕན་ཚུན་གུས་བཀུར་དང་བརྩི་འཇོག་ལྡན་པའི་སྒོ་ནས་དཔྱད་མཆན་འདེབས་རྒྱུ་མ་ཟད་བསྟན་པར་འཚེ་བའི་རིགས་དགག་བྱ་རུ་དགོངས་དགོས་པ་དང་། དེ་བཞིན་ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་ནས་ཡུན་དུ་བརྟན་པ་དང་རྒྱས་དགོས་ཕྱིར་ཁྲིམས་འགལ་གཤེ་སྐུར་གྱི་རིགས་སྤང་བྱ་རུ་བཟུང་ནས་བསྟན་པ་སྤྱི་ལ་ཕན་པའི་མཆན་བུ་འདེབས་རོགས་གནང་ཞུ་ཞུ། །

ལན་སློགས།