སྒྲ་བླའི་མདུང་དར།

0
4302

ལོ་ཤས་སྔོན་༸སྐྱབས་རྗེ་ཡོངས་འཛིན་རིན་པོ་ཆེ་མཆོག་གིས་ཤུགས་མགོན་དར་བསྟོད་ལྟར་ཕྱག་བཀོད་གནང་བའི་སྒྲ་བླའི་མདུང་དར་གྱི་དཔེར་མཚོན།

ཤུགས་མགོན༣
ཡོངས་འཛིན་མཆོག་གིས་ཕྱག་བསྟར་གནང་བའི་དཔེ་རིས།

ཤུགས་མགོན༢ཤུགས་མགོན་དར་བསྟོད”149″ལས།
ཡ་མཐའ་སྔོན་པོ་གནམ་ལ་བྱས།། མ་མཐའ་སེར་པོ་ས་ལ་བྱས།། དར་ལྕེ་དམར་པོ་མེ་ལ་བྱས།། བཟོ་སྐུད་སྔོན་པོ་ཆུ་ལ་བྱས།། གོང་བ་ལྗང་ཁུ་རླུང་ལ་བྱས།། འབྱུང་བ་ལྔ་ཡི་དང་མ་ལ།། དབལ་གྱི་དར་ཆེན་ལྕེ་བརྒྱད་བཏགས།། དེ་བཞིན་མདུང་ཤིང་བཙལ་བ་ལ།། ཡོངས་ཤིང་ས་བརྟོལ་སྨོན་ལམ་ཤིང་།། དབལ་མདུང་དཀར་པོ་གཟོང་རིང་ལ།། གནམ་ལྕགས་ཨུར་མོའི་མདུང་ལྕགས་བཏགས།། འབྲོང་རྒོད་དར་མའི་ཨག་ཙོམ་ལ།། དྲི་མེད་གཙང་མའི་མདུང་ཤིང་ལ།། དངུལ་དཀར་མེ་ལོང་འཕུར་མ་བཏགས།། ཆས་འཁོར་དེ་རྣམས་རྫོགས་དུས་དེར།། དབལ་དར་རྒྱལ་མཚན་བ་དན་བཏགས། ཞེས་སོ།།

དགོངས་ཚུལ་མེད།

གསལ་བརྡ། གལ་སྲིད་སྐུ་ཉིད་ཀྱིས་རྩོམ་གྱི་གཤམ་དུ་དཔྱད་གཏམ་སྤེལ་ཚེ་ངེས་པར་མཁྱེན་དགོས་པ་ནི། རང་མིང་དངོས་དུ་བཀོལ་ནས་ཕན་ཚུན་གུས་བཀུར་དང་བརྩི་འཇོག་ལྡན་པའི་སྒོ་ནས་དཔྱད་མཆན་འདེབས་རྒྱུ་མ་ཟད་བསྟན་པར་འཚེ་བའི་རིགས་དགག་བྱ་རུ་དགོངས་དགོས་པ་དང་། དེ་བཞིན་ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་ནས་ཡུན་དུ་བརྟན་པ་དང་རྒྱས་དགོས་ཕྱིར་ཁྲིམས་འགལ་གཤེ་སྐུར་གྱི་རིགས་སྤང་བྱ་རུ་བཟུང་ནས་བསྟན་པ་སྤྱི་ལ་ཕན་པའི་མཆན་བུ་འདེབས་རོགས་གནང་ཞུ་ཞུ། །

ལན་སློགས།