༧དཔལ་ལྡན་ཁྲི་བརྟན་ནོར་བུའི་རྩེ་ནས་སྟོན་པའི་འཁྲུངས་མཆོད་སྲུང་བརྩི་ཞུས་པའི་སྐོར།

0
2238

༄༅།།འབྱུང་ལྡན་(༣༠༡)རྒྱལ་ཟླ་བའི་ཚེས་༡༥ཉིན་བདག་ཅག་གི་སྟོན་པ་ཐུགས་རྗེ་ཅན་རྣམ་འདྲེན་བརྒྱད་པ་རྒྱལ་བ་གཤེན་རབ་མི་བོ་མཆོག་འགྲོ་བ་གཞན་ཕན་གྱི་ཆེད་དུ་འཇིག་རྟེན་འདིར་སྐུ་མཆོག་མངོན་པར་བལྟམས་ནས་མི་ལོ་༼༡༨༠༣༤༽འཁོར་བའི་དུས་ཚིགས་ཁྱད་པར་ཅན་ལ་བལ་ཡུལ་བོན་གྱི་ཆེས་མཐོའི་ལྷན་ཚོགས་དང་མཉམ་འབྲེལ་ཐོག  བཤད་སྒྲུབ་བསྟན་པའི་འབྱུང་གནས་གཡུང་དྲུང་བོན་གྱི་གདན་ས་ཆེན་མོ༸དཔལ་ལྡན་ཁྲི་བརྟན་ནོར་བུ་རྩེའི་འདུས་མང་དང་། ཡུ་རོབ་བོན་ཚོགས་གཤེན་བསྟན་དར་རྒྱས་གླིང་ནས་གཤེན་རབ་སྟོན་པའི་འཁྲུངས་མཆོད་སྲུང་བརྩི་ཟབ་རྒྱས་ཞུས་པའི་སྐོར་གྱི་མཛད་རིམ།

བརྡའ་སྤྲོད་ཀུན་བཤད། གཙུག་ལག་ཁང་དུ།༢༠༡༧། ༢།༡༠།བོད་མེ་སྤྲེལ་ལོའི་ཧོར་ཟླ༡༢པའི་ཚེས་༡༤ཉིན་ནས་བཟུང་སྐྱབས་རྗེ་མཁན་སློབ་རྣམ་པ་དབུ་བཞུགས་ཐོག་མདོ་གཡུང་དྲུང་ཀློང་རྒྱས་ཀྱི་དཀྱིལ་འཁོར་ཞལ་ཕྱེས་ནས་བདེ་གཤེགས་རྒྱལ་བ་རྒྱ་མཚོ་མཉེས་པའི་དངོས་འབྱོར་ཡིད་སྤྲུལ་གྱི་མཆོད་སྤྲིན་རྒྱས་པར་ཕུལ་བ་དང་།
ཚེས་༡༥་ཕྱག་ཚོད་༨།༠ཐོག་འདི་ལོའི་བཀའ་རམས་པ་དྲུག་གིས་རིག་གནས་ཤོག་ཁྲ་སྤྱན་འབུལ་ཞུས་ཏེ་བླ་བྲང་ནས་བརྡ་སྤྲོད་ཀུན་བཤད་ཀྱི་མཚན་རྟགས་གནང་། ཕྱག་ཚོད་༩པའི་ཐོག་མཁན་སློབ་འདུས་པ་རྒྱ་མཚོ་དང་ལྷ་སྡེ་མི་མང་རྣམས་སེར་ཕྲེང་ཆེན་མོར་མཉམ་ཞུགས་གནང་།
བླ་གྲྭ། བླ་མདེ་རྗེས་གཙུག་ལག་ཁང་དུ་མཁན་པོ་ཁྲི་བཞེངས་ཀྱི་མཛད་སྒོ་འཚོགས་པ་དང་། བལ་ཡུལ་བོན་གྱི་ཆེས་མཐོའི་ལྷན་ཚོགས་ཀྱི་མཛད་སྒོའི་ཚོམ་ཆེན་དུ་༸སྐྱབས་རྗེ་དཔོན་སློབ་རིན་པོ་ཆེ་དང་། སྒྲུབ་གྲྭའི་མཁན་རིན་པོ་ཆེ། བཤད་སྒྲུབ་མཁན་སློབ་རྣམ་གཉིས། དགེ་བའི་བཤེས་གཉེན་རྣམ་པ་དང་། བལ་ཡུལ་རྒྱལ་ཁོངས་སུ་ཆགས་པའི་བོན་གྱི་དགོན་སྡེ་ཁག་གི་འཐུས་ཚབ་དང་།

མི་མང་།མ་ཧ་ས་གལྷ་སྡེ་མཉམ་འཛོམས་ཐོག་སྟོན་པའི་དུས་ཆེན་ལ་སྲུང་བརྩི་ཞུས་པའི་མཛད་རིམ་ནི། ཐོག་མར་གསོལ་འདེབས་སྟོན་པའི་རྒྱལ་པོ་གསུང་བཞིན་སྣང་གསལ་སྒྲོན་མེས་མཛད་སྒོ་དབུ་འབྱེད་གནང་བ་དང་འབྲེལ། ཆོས་འཁོར་དགེ་བཤེས་གཡུང་དྲུང་རྒྱ་མཚོ་ལགས་ནས་མཛད་སྒོའི་ངོ་སྤྲོད་གནང་བ་དང་། ལྷན་ཚོགས་ཀྱི་ཚོགས་མི་དགེ་བཤེས་ཡོན་ཏན་དཔལ་བཟང་ལགས་ནས་སྟོན་པའི་མཛད་རྣམ་སྒྲོགས་སྦྱོང་ཞུས།
IMG_0051མཚན་ལྗོངས༸སྐྱབས་རྗེ་དཔོན་སློབ་ཚངས་པ་བསྟན་འཛིན་རིན་པོ་ཆེ་མཆོག་ནས་སྟོན་པའི་དུས་ཆེན་ངོ་སྤྲོད་དང་སྙིང་པོ་རྣམ་གསུམ་གྱི་འགྲེལ་དང་ཕན་ཡོན། དགེ་སྡིག་སྤང་བླང་གི་སྐོར་ནས་བཀའ་སློབ་ལམ་སྟོན་གནད་སྨིན་བསྩལ་གྲུབ་མཚམས་སྟོན་པའི་སྐུ་བརྙན་རིན་པོ་ཆེ་ལ་མཇལ་དར་ཕུལ། ཏ་པི་ཧྲི་ཙའི་སློབ་སྤྱི་བསམ་འགྲུབ་ལགས་ནས་ཐུགས་རྗེ་ཆེ་ཞུའི་གསུང་བཤད་གནང་ནས་གྲོལ། དགོང་མོ་བླ་མ་མཆོད་པ་གསུངས་ཏེ་གཤེན་རབ་མཆོད་རྔ་བརྡུངས་རྗེས་སྣང་གསལ་སྒྲོན་མེ་དང་། མཆོད་གློག་སྤར་ནས་སྟོན་པའི་རྒྱལ་པོ་དབྱངས་སུ་གྱེར་བཞིན་སྒོ་གསུམ་དགེ་བའི་ལས་ལ་བསྲེས་ཏེ་གཤེན་གྱི་འཁྲུངས་མཆོད་ཆེན་མོ་སྲུང་བརྩི་ཟབ་རྒྱས་ཞུས་སོ།།

ཏི་སེའི་བུ་ནས་༢༠༡༧། ༢། ༡༠།ཉིན་སྤེལ།

birth day of Tonpa Shenrabགཤེན་བསྟན་དར་རྒྱས་གླིང་གི་དགེ་སློབ་རྣམས་ཀྱིས་ཀྱང་སྟོན་པ་སངས་རྒྱས་གཤེན་རབ་མི་བོའི་འཁྲུངས་མཆོད་ཆེན་མོ་སྲུང་བརྩི་ཞུས་ཏེ། ལོ་བསྟར་བཞིན་བདེར་གཤེགས་སྨོན་ལམ་མཐའ་ཡས་ཀྱི་ཆོ་གའི་གཞུང་བསྲངས་ནས་མཆོད་འབུལ་གནང་བ་དང་། དགོང་མོར་རྫོགས་ཆེན་ཡེ་ཁྲི་མཐའ་སེལ་མཁའ་འགྲོ་རིན་ཆེན་ཕྲེང་རྒྱུད་ཀྱི་མར་མེ་མཆོད་པའི་ཚིག་ཕྲེང་དབྱངས་ལ་བསྐྱོན་ཏེ་ཕྱི་ནང་འཁོར་ཡུག་ཀུན་དཀར་གསལ་སྒྲོན་མེའི་འོད་ཀྱིས་ཁེངས་པར་མཛད་པའི་གནས་བསྡུས་སུ།

སྲིད་པའི་མིག་ནས།

དགོངས་ཚུལ་མེད།

གསལ་བརྡ། གལ་སྲིད་སྐུ་ཉིད་ཀྱིས་རྩོམ་གྱི་གཤམ་དུ་དཔྱད་གཏམ་སྤེལ་ཚེ་ངེས་པར་མཁྱེན་དགོས་པ་ནི། རང་མིང་དངོས་དུ་བཀོལ་ནས་ཕན་ཚུན་གུས་བཀུར་དང་བརྩི་འཇོག་ལྡན་པའི་སྒོ་ནས་དཔྱད་མཆན་འདེབས་རྒྱུ་མ་ཟད་བསྟན་པར་འཚེ་བའི་རིགས་དགག་བྱ་རུ་དགོངས་དགོས་པ་དང་། དེ་བཞིན་ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་ནས་ཡུན་དུ་བརྟན་པ་དང་རྒྱས་དགོས་ཕྱིར་ཁྲིམས་འགལ་གཤེ་སྐུར་གྱི་རིགས་སྤང་བྱ་རུ་བཟུང་ནས་བསྟན་པ་སྤྱི་ལ་ཕན་པའི་མཆན་བུ་འདེབས་རོགས་གནང་ཞུ་ཞུ། །

ལན་སློགས།