ཨ་དཀར་པ་འཆི་མེད་བློ་བཟང་མཆོག་གདན་ས་ཆེན་མོ་དགའ་ལྡན་རྣམ་པར་རྒྱལ་བའི་གླིང་དུ་ཕེབས་སྐབས་ཀྱི་མཛད་འཕྲིན་རགས་བསྡུས།

0
5010

ཨ་དཀར་པ།༧ཐོག་མར་༧གཡུང་དྲུང་བོན་གྱི་གདན་ས་ཆེན་མོ་སྨན་རིའི་གླིང་དུ་ཕེབས་ནས་རྩ་བའི་བླ་མ་སྨན་རིའི་ཁྲི་འཛིན་སོ་གསུམ་པ༧སྐྱབས་རྗེ་ལུང་རྟོགས་བསྟན་པའི་ཉི་མ་རིན་པོ་ཆེ་མཆོག་ལ་སྐུ་ཚེ་ཡུན་གནས་ཀྱི་ཆེད་བརྟན་བཞུགས་ཕུལ་བ་དང་། ཁྲི་བཞེངས་གནང་བའི་མཛད་རིམ་དང་བསྟུན་ནས་དགོན་གྱི་བླ་གྲྭ་རྣམས་དང་། བོན་གཞིས་ཉིན་སློབ་ཀྱི་སློབ་མ་རྣམས་ལ་ཉིན་རིམ་གྱིས་ལུས་སྦྱོང་འཁྲུལ་འཁོར་གཟིགས་འབུལ་ཞུས་པ་དང་།

ཨ་དཀར་པ།༤དེ་རྗེས་ཁོང་གི་སྐུ་མཆེད་སྤྲུལ་སྐུ་བློ་བཟང་དམ་ཆོས་ཉི་མ་གཙོས་འབྲེལ་ཡོད་རྣམ་པས་གོ་སྒྲིག་ལྟར་ལྷོ་ཕྱོགས་སུ་ཕེབས་ནས་ཨེ་མོ་རི་གཙུག་ལག་སློབ་གཉེར་ཁང་གི་འབྲེལ་ཡོད་ཚན་རིག་སློབ་དགེ་སྐོར་ཞིག་དང་། ནང་ཆོས་དང་ཚན་རིག་བར་དཔྱར་བསྡུར་གནང་མཁན་གྱི་ལོ་ཚ་བ་སྐོར་ཞིག་བཅས་མི་གྲངས་སུམ་ཅུ་ཡས་མས་ཤིག་ལ་དགའ་ཤར་ཌ་ལི་སུ་རྒྱལ་བྱེད་ཚལ་གྱི་ཚོགས་ཁང་ཆེན་མོར་ལུས་སྦྱོང་འཁྲུལ་འཁོར་སྐོར་འཆད་ཁྲིད་གནང་།  དེ་ཡང་སྤྱིར་ན་ལུས་སྦྱོང་ཞེས་པའི་ཐ་སྙད་འདི་ལོ་ངོ་སྟོང་ཕྲག་གསུམ་བཞིའི་ཡར་སྔོན་ནས་རང་རེའི་གངས་ཅན་པའི་ཕ་མེས་གོང་མ་ཞང་ཞུང་བོན་གྱི་གཞུང་ལུགས་ཁག་ཏུ་ཡོད་ཚུལ་དང་།  ལུས་སྦྱོང་སོ་སོའི་ཕན་ནུས་སྐོར་ནས་འགྲེལ་བརྗོད་གནང་བ་དང་སྦྲགས་ལོ་ཙྭ་བ་གཡུང་དྲུང་དཀོན་མཆོག་གིས་དབྱིན་སྐད་ཐོག་སྐད་བསྒྱུར་བྱས། ཚན་རིག་སློབ་དཔོན་རྣམས་ཀྱིས་རང་རེའི་བོད་ལ་ཞང་ཞུང་བོན་ལུགས་ཀྱི་ལུས་སྦྱོང་རིག་པའི་གཞུང་ཟབ་མོ་ཡོད་པར་ངོས་འཛིན་དང་འབྲེལ་དགའ་བསུ་ཞུས།

ཨ་དཀར་པ།༦ཨ་དཀར་པ།༣ཉིན་གཉིས་པར་དགའ་ཤར་ཆོས་ར་ལེགས་བཤད་ཀུན་སྒྲོག་གླིང་དུ་དགའ་ལྡན་ཤར་རྩེ་གྲྭ་ཚང་གི་དགེ་འདུན་པ་རྣམས་ལ་ཞང་བོད་དབུགས་སྦྱོང་སྐོར་ཁག་ཅིག་འཆད་ཁྲིད་གནང་ཞིང་དགའ་ཤར་མཁན་རིན་པོ་ཆེ་༧རྗེ་བྱང་ཆུབ་སངས་རྒྱས་མཆོག་གིས་འཚམ་འདྲི་དང་བཅས་ཐུགས་སྨོན་གནང་བ་དང་། དེ་མུས་ཨ་དཀར་པ་མཆོག་གིས།  དབུ་མ་ཀ་ཆེན་བཅོ་བརྒྱད་སོགས་ཀྱི་དབུགས་སྦྱོང་དངོས་སུ་འཆད་ཁྲིད་གནང་ཞིང་།  རྒྱ་གར་གྱི་ཡོ་ག་དང་བོད་ཀྱི་ལུས་སྦྱོང་གཉིས་སྦྲུལ་གཡག་གཉིས་ཀྱི་ཁྱད་ཆོས་དང་སྦྱར་ཏེ་དེ་གཉིས་མི་འདྲ་བའི་ཚུལ་ཞང་བོན་གྱི་གཞུང་ལུགས་མང་པོར་ཁུངས་སུ་དྲངས་ཏེ་འགྲེལ་བཤད་གནང་།

གཞན་དུ་སྤྱིར་ན་འཛམ་གླིང་སྤྱིའི་ཆོས་རྒྱུད་ཕན་ཚུན་དང་ཡང་སྒོས་བོད་ཀྱི་ཆོས་རྒྱུད་ཕན་ཚུན་བར་མཐུན་འབྲེལ་བྱ་དགོས་པ་ཤིན་ཏུ་ནས་གལ་ཆེན་ཡིན་པ་དང་།    དེ་ཡང་ཆོས་རྒྱུད་སོ་སོའི་གཞི་ལམ་འབྲས་གསུམ་གྱི་རྣམ་གཞག་དང་།  གྲུབ་མཐའ་ཁག་གི་ལྟ་སྤྱོད་སྐོར་ཆོས་རྒྱུད་ཕན་ཚུན་བར་ལ་ངོ་སྤྲོད་དང་བགྲོ་གླེང་གནང་ཚེ།   ཆོས་རྒྱུད་ཕན་ཚུན་གྱི་རྣམ་གཞག་དང་དགེ་མཚན་ཤེས་ཡོང་བ་དང་། དེས་ན་ཆོས་རྒྱུད་ཕན་ཚུན་བར་ལ་གདེང་འཇོག་དང་མཐུན་ལམ་དེ་ངང་ངམ་ཤུགས་ཀྱིས་ཡོང་བ་སོགས་ཀྱི་བཀའ་སློབ་གནང་།

ཨ་དཀར་པ།༢ད་དུང་ཁོང་གིས་བློ་སྤོབས་ཆེན་པོས་རང་རེའི་བོད་ལ་མི་རིགས་གཞན་དང་རྒྱལ་ཁབ་གཞན་པར་ངོམས་སོ་བྱ་ཆོག་པའི་རིག་གཞུང་ཕུན་སུམ་ཚོགས་པ་མང་པོ་ཡོད་པ་རྣམས་ང་ཚོ་བོད་མི་རེ་རེས་བརྩོན་འགྲུས་དང་འབད་འབུངས་ལ་བསྟེན་དགོས་པ་དང་། དེ་བཞིན་ལུས་སྦྱོང་དང་ཡོ་ག་སོགས་ཀྱི་སྐོར་ལ་དོ་སྣང་བྱས་ན།   ཆོས་ཁས་ལེན་མིན་ལ་མ་ལྟོས་པར་མ་འོངས་པར་འགྲོ་བ་མིའི་རིགས་སྤྱི་ལ་ཕན་འདོགས་པའི་རིག་གཞུང་ངོ་མཚར་བ་མང་པོ་མེས་པོ་གོང་མ་རྣམས་ཀྱི་སྐུ་དྲིན་ལ་བརྟེན་ནས་ང་ཚོར་བཞག་ཡོད་པ་རེད་ཅེས་སོགས་ཀྱི་སློབ་སྟོན་གནང་། མཇུག་མཐར་མཉམ་པར་དང་བཅས་དགའ་བསུ་དང་ཐལ་སྒྲའི་ཁྲོད་ནས་སྐབས་འདིའི་ལུས་སྦྱོང་འཁྲུལ་འཁོར་གྱི་སློབ་ཚན་མཇུག་བསྡུ་ལེགས་གྲུབ་བྱུང་བའི་གནས་བསྡུས་སུ།

ཀུན་དགའ་ཞེས་པས་བརྒྱུད་བསྐུར་གནང་བའི་གནས་འཕྲིན་ལས་མེ་ལོང་འཕྲིན་སྟེགས་ཀྱིས་བསྡུས་ཏེ་སྤེལ།

༢༠༡༧།༠༦།༠༩ཉིན།

དགོངས་ཚུལ་མེད།

གསལ་བརྡ། གལ་སྲིད་སྐུ་ཉིད་ཀྱིས་རྩོམ་གྱི་གཤམ་དུ་དཔྱད་གཏམ་སྤེལ་ཚེ་ངེས་པར་མཁྱེན་དགོས་པ་ནི། རང་མིང་དངོས་དུ་བཀོལ་ནས་ཕན་ཚུན་གུས་བཀུར་དང་བརྩི་འཇོག་ལྡན་པའི་སྒོ་ནས་དཔྱད་མཆན་འདེབས་རྒྱུ་མ་ཟད་བསྟན་པར་འཚེ་བའི་རིགས་དགག་བྱ་རུ་དགོངས་དགོས་པ་དང་། དེ་བཞིན་ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་ནས་ཡུན་དུ་བརྟན་པ་དང་རྒྱས་དགོས་ཕྱིར་ཁྲིམས་འགལ་གཤེ་སྐུར་གྱི་རིགས་སྤང་བྱ་རུ་བཟུང་ནས་བསྟན་པ་སྤྱི་ལ་ཕན་པའི་མཆན་བུ་འདེབས་རོགས་གནང་ཞུ་ཞུ། །

ལན་སློགས།