འབོད་སྐུལ་གསལ་བརྡ།

0
946

འཛམ་གླིང་གང་སར་བཞུགས་པའི་དད་ལྡན་ལྷ་སྡེ་མང་ཚོགས་ཡོངས་ལ་ཆེད་ཞུ།

ཞྭ་དཀར་བསྟན་པའི་གཙུག་རྒྱན་ཞིང་གཤེགས་དམ་པ་དཔོན་གསས་བླ་མ་༧སྐྱབས་རྗེ་རྒྱལ་བ་སྨན་རི་བ་མཆོག་བསྟན་དང་འགྲོ་བའི་དོན་དུ་དགོངས་པ་བོན་དབྱིངས་སུ་གཤེགས་ནས་བདུན་ཚིགས་བདུན་འཁོར་བའི་ཉིན་མོ་དང་འབྲེལ་དམ་པ་གང་གི་ཐུགས་ཀྱི་དགོངས་པ་ཡོངས་སུ་རྫོགས་ཕྱིར།

ད་ལམ་༧གཤེན་གྱི་གདན་ས་ཆེན་མོ་དཔལ་ལྡན་ཁྲི་བརྟན་ནོར་བུ་རྩེའི་གྲྭ་ཚང་ནས་འབྱུང་ལྡན་ ༣༠༡ མེ་བྱ་ལོའི་ཧོར་ཟླ་ ༩ ཚེས་ ༡༤ དང་ ༡༥ (2017/11/3-4) གཉིས་ལ་ཉིན་འགྱངས་གཉིས་རིང་གསང་སྔགས་མ་རྒྱུད་ཀྱི་དཀྱིལ་འཁོར་ཞལ་ཕྱེས་ཏེ་དགུང་ཞག་ཞེ་དགུའི་དགོངས་རྫོགས་མཆོད་འབུལ་སྨོན་ལམ་ཞུ་འཆར་དང་། བོད་ཚེས་ ༡༥ ཉིན་མོ་དགོང་མོ་ཆུ་ཚོད་དྲུག་པའི་ཐོག་མར་མེའི་འཆོད་འབུལ་སྨོན་ལམ་ཞུ་འཆར་ལགས་ན་དེ་ལུགས་ལྷ་སྡེ་མི་མང་གང་མང་ངེས་ཕེབས་ཡོང་བའི་འབོད་སྐུལ་དུ།

༧དཔལ་ལྡན་ཁྲི་བརྟན་ནོར་བུ་རྩེའི་གྲྭ་ཚང་ནས་སྤྱི་ལོ་ ༢༠༡༧། ༡༠། ༢༡ ཉིན།

དགོངས་ཚུལ་མེད།

གསལ་བརྡ། གལ་སྲིད་སྐུ་ཉིད་ཀྱིས་རྩོམ་གྱི་གཤམ་དུ་དཔྱད་གཏམ་སྤེལ་ཚེ་ངེས་པར་མཁྱེན་དགོས་པ་ནི། རང་མིང་དངོས་དུ་བཀོལ་ནས་ཕན་ཚུན་གུས་བཀུར་དང་བརྩི་འཇོག་ལྡན་པའི་སྒོ་ནས་དཔྱད་མཆན་འདེབས་རྒྱུ་མ་ཟད་བསྟན་པར་འཚེ་བའི་རིགས་དགག་བྱ་རུ་དགོངས་དགོས་པ་དང་། དེ་བཞིན་ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་ནས་ཡུན་དུ་བརྟན་པ་དང་རྒྱས་དགོས་ཕྱིར་ཁྲིམས་འགལ་གཤེ་སྐུར་གྱི་རིགས་སྤང་བྱ་རུ་བཟུང་ནས་བསྟན་པ་སྤྱི་ལ་ཕན་པའི་མཆན་བུ་འདེབས་རོགས་གནང་ཞུ་ཞུ། །

ལན་སློགས།