༧སྨན་རིའི་དཔོན་སློབ་རིན་པོ་ཆེ་དང་སྐྱོང་སྤྲུལ་རྣམ་གཉིས་༧ཡོངས་འཛིན་རིན་པོ་ཆེའི་སྐུ་མདུན་དུ་གམ་བཅར་ཞུས་པ།

0
2564

༧སྐྱབས་རྗེ་སྨན་རིའི་དཔོན་སློབ་འཕྲིན་ལས་ཉི་མ་རིན་པོ་ཆེ་མཆོག་དང་། ༧སྐྱབས་རྗེ་མཁན་རིན་པོ་ཆེ་ལུང་རྟོགས་བསྟན་པ་གཡུང་དྲུང་། སྐྱོང་སྤྲུལ་དགེ་བཤེས་བསྟན་འཛིན་རྣམ་རྒྱལ་རིན་པོ་ཆེ་རྣམ་པ་གསུམ་༧སྐྱབས་རྗེ་ཞིང་གཤེགས་དམ་པའི་དགོངས་རྫོགས་མཆོད་འབུལ་རྣམས་ལེགས་གྲུབ་བྱུང་བ་དང་། བསྟན་འགྲོའི་དོན་ཆེད་ཡུལ་ཁག་སོ་སོ་ནས་ཧྥ་རན་སི་ལ་ཕེབས་སྐྱོད་གནང་སྟེ། ཕྱི་ལོ་ ༢༠༡༧ ཟླ་ ༡༡ ཚེས་ ༠༨ ཉིན་གྱི་དགོང་མོར་༧སྐྱབས་རྗེ་སྨན་རིའི་ཡོངས་འཛིན་སློབ་དཔོན་བསྟན་འཛིན་རྣམ་དག་རིན་པོ་ཆེའི་གདན་ས་བཞི་པ་ནུབ་གླིང་བོན་གྱི་འདུས་སྡེ་གཤེན་བསྟན་དར་རྒྱས་གླིང་དུ་ཞབས་སོར་བདེ་བར་འཁོད་པ་དང་།

གོང་ཟླའི་ཕྱི་ཚེས་ ༠༩ དང་། ༡༠ ཡི་སྔ་དྲོ་བར་༧སྐྱབས་རྗེ་ཡོངས་འཛིན་རིན་པོ་ཆེའི་སྐུ་གམ་དུ་དགྱེས་ཞལ་མཉམ་འཛོམས་ངང་གསུང་གླེང་ལྷུག་སྩོལ་གནང་ནས་བཀའ་སློབ་ལམ་སྟོན་ཞུས།  ཉིན་གུངགསོལ་ཚིགས་བཞེས་གྲུབ་རྗེས་༧སྨན་རིའི་དཔོན་སློབ་འཕྲིན་ལས་ཉི་མ་རིན་པོ་ཆེ་མཆོག་དང་། སྐྱོང་སྤྲུལ་དགེ་བཤེས་བསྟན་འཛིན་རྣམ་རྒྱལ་རིན་པོ་ཆེ་རྣམ་གཉིས་ནས་༧ཡོངས་འཛིན་རིན་པོ་ཆེར་གྱེས་མཇལ་ཞུས་པ་དང་སྦྲགས་གཤེན་བསྟན་དར་རྒྱས་གླིང་གི་དགེ་སློབ་རྣམས་ཀྱིས་ཕེབས་སྐྱེལ་ཞུས་པའི་གནས་བསྡུས་སུ།

འཚམས་གཟིགས་ཕེབས་བཞིན་པའི་རྣམ་པ།

ཕྱི་ལོ་༢༠༡༧ཟླ་༡༡ཚེས་༡༡ཉིན།

དགོངས་ཚུལ་མེད།

གསལ་བརྡ། གལ་སྲིད་སྐུ་ཉིད་ཀྱིས་རྩོམ་གྱི་གཤམ་དུ་དཔྱད་གཏམ་སྤེལ་ཚེ་ངེས་པར་མཁྱེན་དགོས་པ་ནི། རང་མིང་དངོས་དུ་བཀོལ་ནས་ཕན་ཚུན་གུས་བཀུར་དང་བརྩི་འཇོག་ལྡན་པའི་སྒོ་ནས་དཔྱད་མཆན་འདེབས་རྒྱུ་མ་ཟད་བསྟན་པར་འཚེ་བའི་རིགས་དགག་བྱ་རུ་དགོངས་དགོས་པ་དང་། དེ་བཞིན་ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་ནས་ཡུན་དུ་བརྟན་པ་དང་རྒྱས་དགོས་ཕྱིར་ཁྲིམས་འགལ་གཤེ་སྐུར་གྱི་རིགས་སྤང་བྱ་རུ་བཟུང་ནས་བསྟན་པ་སྤྱི་ལ་ཕན་པའི་མཆན་བུ་འདེབས་རོགས་གནང་ཞུ་ཞུ། །

ལན་སློགས།