༸སྐྱབས་རྗེ་ཡོངས་འཛིན་རིན་པོ་ཆེ་དང་མཁན་རིན་པོ་ཆེ་སྐུ་འཁོར་རང་དགོན་དུ་ཞབས་སོར་འཁོད་པ།

0
1824
པར་པ་ཁྱུང་ཐོག་རྒོད།

ཞྭ་དཀར་བསྟན་པའི་གཙུག་རྒྱན་དཔལ་རྒྱལ་བ་སྨན་རི་བའི་༸ཡོངས་འཛིན་ཆེན་མོ་སློབ་དཔོན་བསྟན་འཛིན་རྣམ་དག་རིན་པོ་ཆེ་དང་། བསླབ་གསུམ་བསྟན་པའི་བདག་ཉིད་སྐྱབས་རྗེ་ལུང་རྟོགས་བསྟན་པ་གཡུང་དྲུང་རིན་པོ་ཆེ་རྣམ་གཉིས་ནས་འདི་ལོ་ནུབ་ཕྱོགས་ཁུལ་ཧྥ་རན་སི་གཙོས་པའི་རྒྱལ་ཁབ་ཁག་ཏུ་མཛད་ཕྲིན་ལེགས་པར་གྲུབ་སྟེ། ཁ་སང་ཧྥ་རན་སིའི་རྒྱལ་ས་པི་རིས་སའི་མཁའ་ལམ་བརྒྱུད་དེ་དེ་རིང་སྟེ་ཕྱི་ལོ་༢༠༡༧། ཟླ་བ་༡༡་༢༣དང་ཧོར་ཟླ་༡༠ཚེས་༥་མགོན་པོ་གང་གི་སྐུ་ཡི་བླ་གཟའ་ཕུར་བུ་ཉིན་བལ་ཡུལ་ཆུ་ཚོད་༣་སྐར་མ་༤༠་ཐོག་བལ་ཡུལ་རྒྱལ་ས་ཀ་ཋ་མན་གྲུའི་གནམ་ཐང་དུ་ཕེབས། དེ་ནས་གདན་ས་ཁྲི་བརྟན་ནོར་བུའི་རྩེའི་ལས་བྱེད་རྣམས་དང་སྐྱ་སེར་མི་མང་ཚོས་ཕེབས་བསུ་ཞུས་པ་དང་། ཕྱི་དྲོ་ཆུ་ཚོད་༦ཐོག་་ལ་གདན་ས་ཁྲི་བརྟན་ནོར་བུའི་རྩེ་ལ་ཞབས་སོར་འཁོད་དེ་ཁྲི་བརྟན་ནོར་བུའི་རྩེའི་འདུས་མང་དང་གསོ་རིག་འབུམ་བཞིའི་སློབ་གྲྭ་གཞི་རིམ་སྔོན་འགྲོའི་སློབ་གྲྭ་དང་མི་མང་རྣམས་ཀྱིས་ཕེབས་བསུ་ཞུས། དེ་ནས་ཚོགས་ཁང་ཟུར་དུ་མཁན་སློབ་རྣམ་པ་ལ་མཇལ་ཁ་གནང་ནས་བླ་བྲང་ནང་དུ་གནས་འཁོད་བྱུང་བ་བཅས་ཀྱི་གནས་ཚུལ་སྙིང་བསྡུས་འདི་ཁྱུང་ཁྲི་ལྡེས་༢༠༡༧། ༡༡། ༢༣ཉིན་དགོང་མོ་སྤེལ།། །།

དགོངས་ཚུལ་མེད།

གསལ་བརྡ། གལ་སྲིད་སྐུ་ཉིད་ཀྱིས་རྩོམ་གྱི་གཤམ་དུ་དཔྱད་གཏམ་སྤེལ་ཚེ་ངེས་པར་མཁྱེན་དགོས་པ་ནི། རང་མིང་དངོས་དུ་བཀོལ་ནས་ཕན་ཚུན་གུས་བཀུར་དང་བརྩི་འཇོག་ལྡན་པའི་སྒོ་ནས་དཔྱད་མཆན་འདེབས་རྒྱུ་མ་ཟད་བསྟན་པར་འཚེ་བའི་རིགས་དགག་བྱ་རུ་དགོངས་དགོས་པ་དང་། དེ་བཞིན་ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་ནས་ཡུན་དུ་བརྟན་པ་དང་རྒྱས་དགོས་ཕྱིར་ཁྲིམས་འགལ་གཤེ་སྐུར་གྱི་རིགས་སྤང་བྱ་རུ་བཟུང་ནས་བསྟན་པ་སྤྱི་ལ་ཕན་པའི་མཆན་བུ་འདེབས་རོགས་གནང་ཞུ་ཞུ། །

ལན་སློགས།