༧སྐྱབས་རྗེ་༧ཡོངས་འཛིན་སྨྲ་བའི་དབང་པོ་མཆོག་གི་གནམ་ལོ་གསར་པར་འཚམས་འདྲིའི་བཀའ་སློབ།

0
659

༧སྐྱབས་རྗེ་༧ཡོངས་འཛིན་སྨྲ་བའི་དབང་པོ་མཆོག་གིས་འཛམ་གླིང་ས་ཕྱོགས་གང་སར་བཞུགས་པའི་བོན་འབངས་ཡོངས་དང་། འབྲེལ་ཡོད་ཀུན་ལ་རབ་གནས་ཤིང་ལུག་གནམ་ལོ་གསར་ཚེས་ལ་འཚམས་འདྲི་དང་འབྲེལ་བའི་བཀའ་སློབ་བཀའ་དྲིན་བསྩལ་བ།

ང་བསྟན་འཛིན་རྣམ་དག་ཡིན། ང་ད་ལོ་ལོ་དགུ་བཅུ་ཐམ་པ་ཟིན་པ་རེད། དེའི་བར་དུ་སྐྱིད་སྡུག་མི་འདྲ་བ་མང་པོ་བྱུང་ཚར་བ་རེད། ཡིན་ན། ད་ལན་ང་ལོ་དགུ་བཅུ་ཟིན། དེའི་བར་དུ་ཚེ་བརྟན། ཚེ་ལྡན་བསྡད་དུས། དམིགས་བསལ་གྱིས་ བཀྲ་ཤིས་བདེ་ལེགས་ ཟློ་ནས་བོད་ཕྱི་ནང་གང་ན་ཡོད་པའི་གཡུང་དྲུང་བོན་ལ་དད་འདུན་ཡོད་མཁན་ཚང་མ་དང་། འབྲེལ་བ་ཡོད་མཁན་ཚང་མ་ལ། བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན། ལོ་སར་བཀྲ་ཤིས་བདེ་ལེགས། ལོ་དགུ་བཅུ་ཐམ་པ་ཟིན་པའི་བཀྲ་ཤིས་བདེ་ལེགས་ གཉིས་ཀ་ཞུ་གི་ཡོད། ད་དེའི་ནང་ནས། དམིགས་བསལ་ད་ལོ་ལོ་དགུ་བཅུའི་བར་དུ་ལ། སྐྱིད་སྡུག་འདྲ་མི་འདྲ་མང་པོ་བྱུང་ཚར་བ་རེད། ད་བསམ་རྒྱུ་ནི། ལོ་ཉི་ཤུ་རྩ་བདུན་རྩ་བརྒྱད་རེད་པ་ནས་འགོ་བཟུང་ནས། གཡུང་དྲུང་གི་བོན་དང་། སྤྱིར་བཏང་རྒྱལ་བ་སྨན་རི་བའི་ཞབས་ཕྱི་ཡིན་བསམ་པ་བྱས། ད་དང་པོ་རང་གིས་འདོད་པ་ཡོད་ནས་བདམ་བསྡད་པ་དང་། མོས་བསྡད་པ་དེ་འདྲ་རྩ་བ་མ་རེད་དེ། ལས་བསྐོས་པ་ཞིག་གིས་བསྐོས་བཞག་པ་རེད་སྤྱིར་ནས། སྒོས་སུ། ད་སེ། མཁན་ཆེན་ཉི་མ་དབང་རྒྱལ་ཁོང་རིག་དང་། སྨན་རི་ཚང་གི་ལས་བྱེད་རྣམ་པ་ཚང་མ་ཡིས། ད་ཕལ་ཆེར་བཙན་དབང་འདྲ་མོ་བྱས་ནས། ད་སེ། ཡར་པང་ནས། ཉི་མ་དབང་རྒྱལ་གྱི་སྐུ་ཟུར། སྨན་རིའི་གསེར་ཁྲིའི་ཟུར་དེ་ན་བཞག་པ་རེད། ད་བཞག་ཚར་དུས། དེ་ནས་ད་དེ་ལ། ངའི་མི་ཚེ་གཅིག་གི་ལས་ཀ་ལ། འཇོན་བཏང་རྒྱུ་སྟེ། རང་གི་སྤོབས་པ་བྱས་པ་ཡིན་ན། མི་འཇོན་པ་ཧ་གོ་གི་ཡོད་དེ། ཡིན་ན། ད་ཁོང་རིག་རྣམ་པས་གཟིགས་སྟངས་རེད་དྲན་ནས། ཅི་མེད་སྲན་སྡུག་བྱས། བཟོད་པ་བསྒོམ་ནས་བསྡད་པ་བཞག་པ་རེད། ད་དེའི་བར་ཐག་ལ་སྐྱིད་སྡུག་འདྲ་མི་འདྲ་མང་པོ་བྱུང་ཚར་བ་རེད། ད་གཙོ་ཆེ་ཤོས་ལ་སྨན་རི་ཚང་ཉམས་ཆག་བྱུང་ནས་གྱང་ར་རྣུ་བཞི་རུག་སེ་བྱུང་ཚར་བ་རེད། དེ་ང་རང་གི་ཚེ་ལ་བྱུང་པ་རེད། ད་སེ། རྡུགས་ཤོས་དེ་རེད། ད་དེ་ནས་བཟུང་ནས་དེའི་བར་ཐག་ལ། སྐྱིད་སྡུག་འདྲ་མི་འདྲ་མང་པོ་བྱུང་ཚར་བ་རེད། དེ་ནས་ད་་ཕྱི་ལོགས་ལ་འཁྱམས་སོང་པ་རེད། མ་འཁྱམས་རང་འཁྱམས་རེད། བཙན་དབང་བྱས་པ་རེད། བསྡད་བཞག་ན་སྲོག་ལ་ཐུག་འགྲོ་ཡི་ཡོད་རེད། དེ་འདྲ་བྱས་དུས་ཕྱི་ལོགས་ལ་བསླེབས་ཚར་བ་རེད། ཕྱི་ལོགས་ལ་བསླེབས་དུས། ད་ཡར་བྱས་མར་བྱས། ཕྱི་རྒྱལ་གྱི་སྐད་འདྲ་སྦྱང་རྒྱུ་ཨེ་གདའ་བལྟས། མི་གཞན་ལ་འབྲེལ་བ་འདྲ་བྱས། ཕྱི་ཡི་རྒྱལ་ཁབ་ཐམས་ཅད་ལ་ངོས་དགའ་བཤད་ཁུལ་བྱས། སློང་ན་ཅི་དྲག་བྱས། ད་་་ངུ་ན་མ་གཏོགས་བྱས་ནས། ཅི་དྲག་གང་དྲག་བྱས་པའི་གཞུག་གུ་ལ། བོན་པོ་ཚོགས་པ་ཟློ་རྒྱུ་སིག བོན་པོ་ཐམས་ཅད་ཚང་མ་རུག་རུག་བྱེད་ཐུབ་རྒྱུ་དེ། འཇོན་དྲགས་པ་མ་རེད་དེ། ལས་དང་བསྐོས་པ། ལྷ་སྲུང་མའི་བཀའ་དྲིན་ལ་བརྟེན་ནས་བོན་པོ་ཐམས་ཅད་ཚང་མ་འདུ་འདུ་རུག་རུག་བྱེད་རྒྱུ་ཡོད་པ་ཁག་གཅིག་བཟོ་ཐུབ་པ་རེད། དེ་བཟོ་ས་རྒྱ་གར་ལ། ད་སེ། མཐུན་རྐྱེན་མང་པོ་ཞིག་གི་གནད་ལ་བརྟེན་ནས་བྱུང་ཚར་བ་རེད། དེ་ཚང་མས་གོ་མྱོང་ཡོད་རྒྱུ་རེད། ད་་་དེ་གནས་སྐབས་ཞིག་གི་རེད། སྤྱིར་བཏང་གི་སྡོད་སྟངས་ཞུས་པ་ཡིན་ན། ཡུལ་ལུང་པའི་ཁྲིམས་མཐུན་བྱས་ནས། ད་སེ། སྡོད་གནས་ཀྱི་ས་ཆ་ཐམས་ཅད་ཚང་མ་ཁྲིམས་མཐུན་བྱས། རིན་པ་སྤྲད་ནས་ཉོས། མི་ཐམས་ཅད་ཚང་མ་དེ་ན་་་ད། ལོ་སུམ་བཅུ་བཞི་བཅུ་ཐུག་ཐུག་ལ་མི་ཚེ་སྐྱེལ་ཚར། ད་་་ངེད་ཚོ་དང་དུས་མཉམ་ལ་ཡོད་པའི་མི་ཐམས་ཅད་ལས་ཕལ་ཆེ་ཤོས་དེ་རྒས་ཚར་ནས། མང་པོ་ཞིག་རྫོགས་ཚར་འགྲོ་གི་འདུག ཡིན་ན། ད་དུང་ད་ལྟ་མ་རེད་བར་དུ་ལ། སྨན་རི་མཁན་ཆེན་ཁོང་རིག་གི་བཀའ་དྲིན་ལ་བརྟེན་ནས། ས་ཆ་དེ་ལ་བདག་བྱས། དགོན་པ་ལ་བལྟས་ན་ཡར་རྒྱས་གང་ལ་གང་འཚམས་འགྲོ་དང་འགྲོ་བཞིན་པ་རེད། ཕྱི་ཡི་དགོན་པའི་གནས་སྟངས་རེད། ནང་གི་བཤད་སྒྲུབ་སློབ་གཉེར་རེད། སྒོས་སུ་དེའི་ནང་སྐྱིད་སྡུག་འགྲོ་སྟངས་ཚང་མ་ལ་བལྟས་ན་ཡར་རྒྱས་འགྲོ་བཞིན་པ་རེད། དེ་ནི་ཁོང་རིག་གི་བཀའ་དྲིན་རེད། སྐུ་བསོད་རེད། དབང་ཐང་རེད། ལྷ་སྲུང་མའི་བཀའ་དྲིན་རེད། ད་་་དེ་འདྲ་ཡིན་དུས། དེ་ཡི་ཟུར་ནས། བསམ་མནོ་མང་པོ་ཞིག་བཏང་ནས་བལ་ཡུལ་ལ་གཅིག༼བསྟན་པའི་གནས་གཞི་ཞིག་ཨི་ཡོང་བལྟས་རེད།༽ མི་ཁ་ཤས་ཀྱིས་ཟློ་དུས། དང་པོ་སྔུན་ནས། ཙི་ཙིས་ཚང་སྤོ་སྤོ་ནས་བྱེད་ནི་ཆོ་མེད་རེད་ལབ་པ་རེད། ག་ལེར་ག་ལེར་བྱས་དུས། གཅིག་ནས་ས་གནས་འདྲ་མོ་ཟིན། འདི་ན་འདུག་ལོ་ཙམ་བྱུང་དུས། ཡང་ཚང་མས་མོས་འདུན་འདྲ་བྱས་ནས། ཡར་བྱས་མར་བྱས་ད་ལྟ་མ་རེད་བར་དུ། ཕྱི་ནང་གང་སར་བལྟས་ན་ད་ལྟ་མ་རེད་བར་དུ་སྡུག་པོ་མེད། ད་ལྟ་ངའི་ལས་འོག་ལ་བལྟས་ན་མཁན་པོ་དང་དཔོན་སློབ། སྒྲུབ་གྲྭ་རེད། བཤད་གྲྭ་རེད། གང་ས་ཅི་ཐད་ཀྱི་མཐུན་རྐྱེན་ལ་བལྟས་ན་ད་ལྟ་མ་རེད་བར་དུ་ཡག་ཐག་ཆོད་ཡོད། ད་་་མ་འོངས་པ་ལ་གང་འདྲ་ཡོང་རྒྱུ་ཡིན་ན། སུ་དང་གང་གིས་ཚོད་ཐིག་རྒྱུ་མ་རེད། ད་དེ་རེད། དེ་འདྲ་ཡིན་དུས། གོ་བསྡད་ཚོད་ལ་བལྟས་ན་བོད་ནང་ལ་ཡིན་ན། ཚང་མས་ཧུར་ཐག་སྦད་ཐག་བྱས་ནས་གྲ་རྒྱས་པོ་ཡོད་ས་རེད། ལྷག་པར་དུ་རང་གི་བསམ་བསྡད་ས་དེ་རེད། བསྟན་པའི་སྙིང་པོ་འདྲ་མོ་གཅིག་ནི་དཔེ་རྒྱུན་རེད། ད་་་ཡི་གེ་འདི་གོང་འཕེལ་དུ་འགྲོ་ཡི་འདུག ད་སྔོན་བཀའ་བརྟེན་འགྱུར་ཚང་མ་དེ་ལྷ་སྲུང་མའི་བཀའ་དྲིན་ལ་བརྟེན་ནས། ཉམས་ཆག་མ་སོང་བ་བྱས། མཐུན་རྐྱེན་ལ་བརྟེན་ནས་གང་ལ་གང་འཚམས་སྲུང་སྐྱོབ་བྱས། སྦས་ཉར་ཐུབ། དུས་སྐབས་གཉན་འཕྲང་ཆེན་པོ་དེ་འདྲ་ཐུག་དུས། དེའི་ནང་ནས་སྲུང་སྐྱོབ་ཐུབ་པ་དེ་ནི་གང་མི་ཚད་པ་ཧ་ལས་ལས་དང་དངོས་ཡོད་རེད། བསམ་གྱིས་མི་ཁྱབ་པའི་དགའ་བ་ཚད་མེད་པ་ཞིག་ཐོབ་བྱུང་། ད་་་དེ་དང་དེ་བཞིན་དུ་ལས་དོན་དེ་དང་། དེ་འཛིན་པའི་སྐྱེས་བུ་ཐམས་ཅད་དང་། མཐུན་རྐྱེན་དེར་སྦྱོར་བའི་རྒྱུ་སྦྱོར་བའི་ཡོན་གྱི་བདག་པོ་ཐམས་ཅད་ལ་བསྔོ་བ་སྨོན་ལམ་དང་འཕྲིན་བཅོལ་གང་དྲག་དྲག་དུས་རྟག་ཏུ་བྱས་དང་བྱེད་བཞིན་པ་ཡིན། ད་དུང་མ་ཤིའི་བར་དུ་དེ་ལྟར་ལོས་བྱེད། ད་་་ཁྱེད་རྣམ་པ་དེ་ན་ཡོད་མཁན་ཐམས་ཅད་ཚང་མ་ཡིས། འཇིག་རྟེན་འདི་ཡི་ལས་སྟངས་འདྲ་མོ་རེད། ད་སེ། དཔལ་འབྱོར་མེད་ན་འདུག་ལོ་གི་མ་རེད། ཧ་ཅང་རང་གིས་ཡོད་བསྡད་དུས། དེ་ལ་བསམ་མནོ་མང་པོ་བཏང་། དེའི་རྟིང་ལ་དགྲ་དང་འཁྲུགས་པ། ཆགས་སྡང་རྨོངས་གསུམ་མང་པོ་ཞིག རྐྱེན་དཔལ་འབྱོར་དང་མིང་སྙན་གྲགས་ལ་བརྟེན་ནས་དེ་འདྲ་བྱེད་རྒྱུའི་ལུགས་སྲོལ་དེ། སྤྱིར་བཏང་འཇིག་རྟེན་ཁམས་ལ་ཡོད་པ་རེད། སྒོས་སུ་ང་རང་ཚོའི་ལུང་པ་ལ་ཡོད་པ་རེད། ད་་་དེ་ཚོ་ཐམས་ཅད་ཆོ་མེད་པ་རེད་བསམ་བསམ་འདུག དེ་ཚོ་ཏོག་ཙམ་མར་ཉམས་ཆག་བཏང་རྒྱུ་བྱེད། ད་་་བསམ་ཚུལ་གོ་ཚུལ་གནས་ཚུལ་ཚང་མ་ལ་བལྟས་ན། སྤྱིར་བསྟན་པ་རེད། སྒོས་སུ་དཔེ་རྒྱུན་ཐམས་ཅད་ཚང་མ་དེ་འགྲེམས་སྤེལ་རྒྱ་ཆེན་པོ་ཐུབ་ཀྱི་འདུག དེ་བཀའ་དྲིན་ཆེན་པོ་རེད། ཡིན་ན། ད་་་དེ་བོད་ནང་ལ་རང་རེད། ཏོག་ཙམ་བསམ་མནོ་བཏང་ནས་དཔེ་རྒྱུན་ཐམས་ཅད་ཕྱི་ཡི་རྒྱལ་ཁབ་ཐམས་ཅད་ལ་སྤེལ་ཐུབ་པ་ཡིན་ན། བསྟན་པ་དེ་ཡུན་རིང་པོ་ཞིག་དང་བརྟན་པོ་ཞིག་ཡོང་བའི་བཟོ་ལྟ་འདུག འཆད་རྩོད་རྩོམ་གསུམ་བྱས་ནས་ནང་གི་ཉམས་ལེན་ལ་བལྟས་ན་ཕྱི་དང་ནང་ག་ནི་ཡིན་ན་ཁྱད་པར་ཆེན་པོ་ཞིག་མེད་འགྲོ་བའི་བཟོ་ལྟ་རེད། སྔར་ནས་ཡིན་ན། ང་ཚོའི་ལུང་པ་ལ་ཤེས་མ་ཤེས་གང་ལྟར་རུང་ཆུང་ནས་མིག་ལྟོས་ལ་དགེ་བའི་རྣམ་པ་ཞིག་ཐོན་འདུག་རྒྱུ་ཡོད་པ་རེད། ད་་་ག་ལེར་ག་ལེར་བྱས་ན་གང་འདྲ་ཡོང་རྒྱུ་ཡིན་ཧ་གོ་ས་མ་རེད། ད་་་ཕྱི་ལོགས་ལ་བལྟས་ན་མིག་གིས་མཐོང་རྒྱུ་ཡོད་པ་དང་རང་གི་སེམས་སུ་འགྲོ་བ། ལུགས་སྲོལ་དང་ཆོས་ལུགས་སོགས་གང་ས་ཅི་ཐད་ནས་བལྟས་ན་བོན་པོ་འདྲ་བའི་ཕུན་སུམ་ཚོགས་པོ་དཀོན་པོ་རེད། སྤྱོད་ཚུལ་གྱི་མི་ཐམས་ཅད་ལ་བལྟས་ན། ཕྱི་ནང་གང་ས་ཅི་ཐད་ནས་ཡོད་མཁན་ཞིག་ལ་ཡོད་པ་རེད། མེད་མཁན་ཞིག་ལ་མེད་པ་རེད། བརྩི་མཁན་ཞིག་གིས་བརྩི་བ་རེད། མི་བརྩི་མཁན་གྱིས་མི་བརྩི་བ་རེད། དེ་ནི་འཇིག་རྟེན་ཁམས་ཚང་མ་ལ་སྲིད་པ་དེ་ནང་བཞིན་རེད། ད་་་དེ་འདྲ་སིག་རེད། ད་དུང་མ་འོངས་པ་གཡུང་དྲུང་བོན་ལ་དད་འདུན་ཡོད་མཁན་དང་། དམིགས་བསལ་གྱི་འབྲེལ་བ་ཡོད་མཁན་ཁྱེད་རྣམ་པ་ཚང་མས་ཧ་རུབ་སྦ་རུབ་བྱེད་ནས་ཚེ་འདི་ཕྱི་གཉིས་ཀ་ལ་བསམ་མནོ་འདྲ་འདྲ་བཏང་། དེ་འདྲ་བྱེད་རྒྱུ་གལ་ཆེན་པོ་རེད། ང་རང་གིས་དུས་རྟག་ཏུ་ཕྱི་ཡི་མི་ཡིན་ན་འདྲ། ནང་གི་མི་ཡིན་ན་འདྲ། ཚེ་འདི་ཡི་འཇིག་རྟེན་སྙན་གྲགས་ལ་ཧ་ཅང་རང་གིས་ཞེན་དྲགས་པ་དང་། གཅེས་སྤྲས་བྱེད་རྒྱུ་མ་ཡིན་པར་གྱིས། ཚེ་ཕྱི་མ་ལ་དགོས་པའི་ལུས་ངག་ཡིད་གསུམ་དགེ་སྦྱོར་ལ་ག་ཚད་བཀོལ་ཐུབ་ན། ཉམས་རྩ་ཤོར་རྒྱུ་མ་རེད། སྔ་ཕྱི་མ་གཏོགས་༼དུས་པོ་ཆེ་༽ཡོང་ནི་ཡོང་ཐག་ཆོད་རེད། དེ་འདྲ་བྱས་དུས། རབ་བྱུང་ན་ཕྱི་མ་གཙོར་ཆེ་བར་གྱིས། དེ་ལྟར་མ་བྱུང་ན་མཉམ་བཞེས་ཡོང་བའི་བསམ་མནོ་གཏོང་རྒྱུ་ཤིན་ཏུ་གལ་ཆེན་པོ་རེད། ད་་་དཔེ་རྒྱུན་དག་གོང་འཕེལ་འགྲོ་གི་འདུག་སྟེ། དཔེ་རྒྱུན་ལ་ཆགས་འཇོག་རོགས་གྱིས་ཟློ་རྒྱུ་དེ་རེད། དེ་སྔ་མ་རེད་བར་དུ་དཔེ་རྒྱུན་ཡོད་པ་ཧ་གོ་གོ་ཁར་རེད། དེ་ལ་བློ་བཀལ་ནས་ཆ་འཇོག་རྒྱུ་མ་ཡིན་པ་བྱེད་ནས། རང་གིས་དཔེ་རྒྱུན་དེ་ལ་མི་བལྟ་བ་དང་། གལ་ཆེན་པོ་མི་བྱེད་པར་དེའི་ཟུར་རྒྱན་འདྲ་མོ་ཟུར་ནས་བསྩལ་ནས། དེ་ལ་ཡར་གསལ་གསལ་བྱེད་རྒྱུ་དེ་དུས་རྟག་ཏུ་ལུགས་སྲོལ་དང་། གོམས་གཤིས་འདྲ་མོ་ཆགས་བསྡད་པའི་བཟོ་ལྟ་འདུག་སྟེ། ད་་་དེ་ཚོ་ཐམས་ཅད་ལ་གཟབ་གཟབ་བྱེད་ནས་རང་རང་གི་ཡིག་ཆ་དཔེ་རྒྱུན་གང་ཡོད་པ་དེ་ལ་ནན་ཏན་བྱ། སྙིང་ནས་རྩེ་གཅིག་ཏུ་གསོལ་བ་འདེབས། སློབ་སྦྱོང་བྱེད། ཆ་འཇོག་བྱེད། རང་གི་ཡིག་ཆ་དེ་ལ་བློ་འགེལ་དགོ་འདུག ལྷ་ཞིག་ཡིན་ན་འདྲ། ཡི་གེ་ཞིག་ཡིན་ན་འདྲ། ག་རི་ཡིན་ན། དེ་ལ་ཟུར་རྒྱན་ཞིག་ཕྱོགས་གཞན་ནས་བསྩལ་འདུག་རྒྱུའི་ལུགས་སྲོལ་དེ་ཤིན་ཏུ་ཐབས་སྐྱོ་པོ་འདྲ་མོ་རེད་བསམ་བསམ་རེད། ཡིན་ན་ཟློ་ཉན་ས་མ་རེད། དྲང་པོ་བཤད་དགོ་རྒྱུ་རེད། ག་ནས་བལྟས་ན་ཟུར་རྒྱན་འདྲ་མོ་ཟུར་ནས་བསྩལ་བསྡད་པ་མང་པོ་འདུག དེ་མིན་རང་གི་ཅན་དེ་རྣམ་པར་དག་པ་བརྩིས་ནས་གཅེས་སྤྲས་བྱས་ནས་ཉར་བསྡད་པ་ཡིན་ན། ཕུགས་ཐུབ་ཐག་ཆོད་རེད། གཙང་མ་ཡིན་ཐག་ཆོད་རེད། ད་དུང་ལོ་ཆུང་བ་ཐམས་ཅད་གཟབ་གཟབ་གྱིས། མ་འོངས་པ་ལ་གཟབ་གཟབ་བྱེད་ནས་རང་གི་ཡིག་ཆ་ཐམས་ཅད་ལ་ལྟ་རྟོགས་བྱ། ནན་ཏན་བྱ། ཡིད་ཆེས། བློ་འགེལ་དགོ་འདུག དེ་ལ་ནན་ཏན་བྱས་ནས་བལྟ་རྒྱུ་ཡིན་ན། ཕྱོགས་གང་ནས་ཡིན་ན། གསལ་བྱེད་གཞན་པ་བསྩལ་ནས་དེ་ལ་བསྣན་ཁ་རྒྱག་དགོ་ས་མ་རེད། གང་ནས་ཡིན་ན་རང་མགོ་ཐོན་ཐག་ཆོད་རེད། གཡུང་དྲུང་བོན་འདི་ནི་དངོས་གནས་དྲང་གནས་ཀྱི་གསེར་ཞུན་མ་ནང་བཞིན་རེད། འདི་དང་འདི་ཞེས་བྱ་སྟེ་དང་དུ་ལེན། དེ་ལ་བསྣན་ཁ་མ་བརྒྱབ་པ་ཡིན་ན་གསེར་ཞུན་མ་ནང་བཞིན་རེད། དེ་ངས་ཡིན་གཅིག་མིན་གཉིས་ཀྱིས་ནན་ཏན་བྱས་ནས་ཚང་མ་ལ་ཟློ་རྒྱུ་ཡིན། སྐྱ་སེར་གྱི་ཁྱད་པར་ཡོད་མ་རེད། ཕོ་མོ་ཡོད་མ་རེད། སུ་ཡིན་ན། དེ་ལ་ནན་ཏན་བྱས་ན་བལྟ་རྒྱུ་ཡིན་ན་གཡུང་དྲུང་བོན་ནི་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་རེད། དེ་ལ་ཚང་མས་གཅེས་སྤྲས་བྱས་ནས་ནན་ཏན་གྱིས་བློ་འགེལ་དགོ་རེད། ཆགས་སྡང་རྨོངས་གསུམ་རྩོད་རྒྱུ་དེ་བཞག་དགོ་རེད། འདི་ཡག་དེ་སྡུག་ཟློ་རྒྱུའི་གང་ཟག་གི་ཚོད་གང་ཟག་གིས་ཟིན་རྒྱུ་མ་རེད། དད་པ་འཇོག་དགོ་རེད། མོས་འདུན་བྱ་དགོ་རེད། བསྒྲུབ་རྒྱུ་དེ་རང་གི་ལག་པའི་ནང་གང་ཁེལ་ན་དེ་ནན་ཏན་གྱིས་སྙིང་ཐག་པ་ནས་བློ་འགེལ་ནས་བསྒྲུབ་དགོ་རྒྱུ་རེད། དེ་འདྲ་བྱས་ནས་རང་རང་གི་བསྟན་པ་དེ་རང་རང་གིས་འཛིན་དགོ་རྒྱུ་རེད། ཆགས་སྡང་རྨོངས་གསུམ་བྱས་ནས་གཞན་ལ་འདི་ཡག་འདི་སྡུག་དེ་འདྲ་ཟློ་རྒྱུ་ཡོད་མ་རེད། དེ་ཅི་རེད་ཟེར་ན། སངས་མ་རྒྱས་གཉིས་ཀྱི་བར་ཐག་ལ་ཡང་དག་པའི་གནས་ལུགས་གང་འདྲ་ཡིན་མིན་རྣམ་པར་དག་པ་དཔྱོད་འཇོག་བྱ་རྒྱུ་དེ་དཀའ་ལས་ཁག་པོ་དཔེ་རེད། དེ་འདྲ་ལབ་ཆོག་རེད། ལབ་པ་ནང་བཞིན་གྱི་དོན་དག་ཡོང་གི་མ་རེད། རང་ལ་ཉོན་མོངས་བསགས་སྤྱད་རེད། སྡིག་པ་བསགས་སྤྱད་རེད། དེ་འདྲ་མ་བྱེད་པ་གྱིས། འཁྲུགས་པ་གཏུག་སྤྱད་མི་བྱེད་པ་གྱིས། ཆགས་སྡང་རྨོངས་གསུམ་རྩོད་སྤྱད་མི་བྱེད་པ་གྱིས། རང་རང་གི་ལག་པའི་ནང་གང་ཁེལ་བ་དེ་ལ་ཚང་མ་ཡིས་ནན་ཏན་བྱས་ནས་བསྒྲུབ་རྒྱུ་བྱེད། ཚང་མ་ལ་དེ་འདྲ་བྱེད་རོགས་གྱིས་ཟློ་ནས། བཀྲ་ཤིས་བདེ་ལེགས་མཉམ་དུ་རྒད་པོས་མང་པོ་བཤད་རྒྱུ་རེད་ཐལ། བློ་མ་བདེ་བ་དེ་བཤད་རྒྱུ་མང་བ་རེད། སེམས་ཀྱིས་ནན་ཏན་བྱས་ནས་བཤད་བསྡད་པ་འདི། ད་ཕལ་ཆེར་ཁ་ཆེམས་ཡིན་ན་འདྲ། གང་འདྲ་ཡིན་ན་ཚང་མ་དེ་རེད། ད་ལུག་ལོ་གསར་ཚེས་ལ་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་དེ་རེད། ད་ལྟ་ལོ་སར་ཚེས་ལ་ཁ་རེད། ངས་སྔ་བསགས་བྱས་ནས་བཀྲ་ཤིས་བདེ་ལེགས་ཞུ་གི་ཡོད། ཐ་ཚན་མུ་ཙུག་སྨར་རོ། །

                      དགེ་བའི་བཤེས་གཉེན་གཙོ་ཚུལ་ཁྲིམས་ནས་ཡིག་ཐོག་ཏུ་གཏན་ལ་ཕབ།

                         ༧སྐྱབས་རྗེ་ཡོངས་འཛིན་རིན་པོ་ཆེ་སྐུ་ཚེ་ཁྲི་ལོར་བརྟན་པར་ཤོག

དགོངས་ཚུལ་མེད།

གསལ་བརྡ། གལ་སྲིད་སྐུ་ཉིད་ཀྱིས་རྩོམ་གྱི་གཤམ་དུ་དཔྱད་གཏམ་སྤེལ་ཚེ་ངེས་པར་མཁྱེན་དགོས་པ་ནི། རང་མིང་དངོས་དུ་བཀོལ་ནས་ཕན་ཚུན་གུས་བཀུར་དང་བརྩི་འཇོག་ལྡན་པའི་སྒོ་ནས་དཔྱད་མཆན་འདེབས་རྒྱུ་མ་ཟད་བསྟན་པར་འཚེ་བའི་རིགས་དགག་བྱ་རུ་དགོངས་དགོས་པ་དང་། དེ་བཞིན་ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་ནས་ཡུན་དུ་བརྟན་པ་དང་རྒྱས་དགོས་ཕྱིར་ཁྲིམས་འགལ་གཤེ་སྐུར་གྱི་རིགས་སྤང་བྱ་རུ་བཟུང་ནས་བསྟན་པ་སྤྱི་ལ་ཕན་པའི་མཆན་བུ་འདེབས་རོགས་གནང་ཞུ་ཞུ། །