མདོ་རྒྱུད་ལས་བྱུང་བའི་ལྷ་ཡི་ཐིག་ཚོན་རི་མོའི་རྣམ་བཤད།

0
1918


མདོ་སྡེ་དྲི་མེད་གཟི་བརྗིད་དཔེ་དེབ་གཉིས་པ།       རྒྱལ་བུ་རྒྱལ་སར་བཏོན་པའི་མདོ། ཤོག་གྲངས་ ༢༦༧ ནས།

   རི་མོ་དག་ལ་རྣམ་པ་གསུམ། །ལྷ་སྐུ་ཡིག་འབྲུ་སྣ་ཚོགས་གསུམ། །དང་པོ་ལྷ་ཡི་ཆག་ཚད་ལ། །ཡེ་ཤེས་ལྷ་དང་འཇིག་རྟེན་ལྷ། །ཡེ་ཤེས་ལྷ་ལ་རྣམ་པ་བརྒྱད། བོན་སྐུ་ལོངས་སྐུ་སྤྲུལ་སྐུ་གསུམ། །ཞི་དང་ཁྲོ་དང་འགྱིང་བ་དང་། །དགྱེས་དང་འཛུམ་པ་གཉིས་དང་བརྒྱད། །ཐོག་མར་བོན་གྱི་སྐུ་ལས་སུ། །མིག་དང་རྣ་བ་སྣ་དང་ལྕེ། །ལུས་དང་ཡིད་ལས་སོགས་པ་མེད། །དེ་བཞིན་འཁོར་བ་མྱང་འདས་བོན། །གང་ལ་ཕུང་པོ་མ་གྲུབ་པས། །འདི་ཡིན་བྱ་བའི་དངོས་པོ་མེད། །དངོས་པོར་མེད་པས་ངོ་བོ་སྟོང་། །འདི་ཞེས་བྱ་བའི་མཚན་མ་མེད། །མཚན་མ་མེད་པས་རང་བཞིན་སྟོང་། །སྟོང་ཞིང་བདག་མེད་བོན་གྱི་སྐུ། །འདི་ཞེས་གཟའ་གཏད་སྤྲོས་དང་བྲལ། །དེ་ལ་གཟུགས་སུ་གྲུབ་པ་མེད། །

བདག་མེད་བོན་སྐུ་ཞེས་ཀྱང་བྱ། །ཞལ་གཅིག་ཕྱག་གཉིས་མཉམ་པར་བཞག  །རྒྱན་མེད་དབུའི་གཙུག་ཏོར་ལྡེམ། །དེ་ལས་ལོངས་སྤྱོད་རྫོགས་པ་དེ། །ཞལ་ལྔ་སྐུ་ལྔའི་ཞིང་ཁམས་གསལ། །རྒྱན་དང་ཆ་ལུགས་ལོངས་སྤྱོད་རྫོགས། །དེ་ལས་ཅིར་ཡང་སྤྲུལ་པ་དེ། །ཁྱིམ་སྤངས་རབ་བྱུང་ཚུལ་དུའོ། །སྐུ་གསུམ་དག་ལས་བྱུང་བའི། །གང་ལ་གང་འདུལ་ལྷ་ཚོགས་ནི། །ཞི་དང་ཁྲོ་དང་འགྱིང་དང་དགྱེས། །ལྡེམ་དང་འཛུམ་ལས་སོགས་པའི། །སྤྱིར་ཡང་ལྷ་ཡི་ཆག་ཚད་ལ། །དབུའི་གཙུག་ཏོར་མན་ཆད་ནས། །ཞབས་ཀྱི་ལོང་བུ་ཡན་ཆད་ལ། །ཁྲུ་དགུ་སྐུའི་རི་རབ་སྟེ། །སོར་མོ་བརྒྱ་དང་ཉི་ཤུ་འདོད། །དབུའི་གཙུག་ཏོར་མཐོ་པོ་ནས། །དབུ་སྐྲ་མཚམས་སུ་ཞལ་གང་ངོ་། །ཞལ་ནི་སོར་མོ་བཅུ་གཉིས་ཏེ། །སོར་ནི་རི་མོ་བར་མས་འཇལ། །དབུ་སྐྲའི་མཚམས་ནས་སྨིན་མཚམས་མཛོད། །སྨིན་མཚམས་མཛོད་ནས་ཤངས་ཀྱི་རྩེ། །ཤངས་ཀྱི་རྩེ་ནས་ཨོག་སྒོའི་བར། །བཅུ་གཉིས་སོར་དུ་གཞལ་བར་བྱ། །མགུལ་ནི་སོར་མོ་བཞི་རུ་ཤེས། །མགུལ་ནས་ཐུགས་ཁར་ཞལ་གང་ངོ་། །ཐུགས་ནས་ལྟེ་བར་ཞལ་གང་ངོ་། །དེ་ནས་གསང་བར་ཞལ་གང་ངོ་། །སྟ་ཟུར་ནས་ནི་པུས་མོའི་བར། །ཞལ་དོ་སོར་མོ་ཉི་ཤུ་བཞི། །པུས་མོ་སོར་མོ་བཞི་ཡིན་ཏེ། །དེ་ནས་ལོང་བུ་ཞལ་དོ་ལས། །ལོང་བུའི་ཞབས་སུ་སོར་བཞི་དང་། །དེ་ལྟར་བརྒྱ་དང་ཉི་ཤུ་སྟེ། །དེ་ནི་དཀྱུས་ཀྱི་ཆག་ཚད་ཡིན། །གཉིས་པ་ཞེང་གི་ཆག་ཚད་ལ། །སྐུ་སྟོད་ཞེང་ལ་ཞལ་དོའོ། །རྐེད་སྐབས་ཞལ་གང་ཤེས་པ་སྟེ།  །སྨད་ཞེང་དག་

དགོངས་ཚུལ་མེད།

གསལ་བརྡ། གལ་སྲིད་སྐུ་ཉིད་ཀྱིས་རྩོམ་གྱི་གཤམ་དུ་དཔྱད་གཏམ་སྤེལ་ཚེ་ངེས་པར་མཁྱེན་དགོས་པ་ནི། རང་མིང་དངོས་དུ་བཀོལ་ནས་ཕན་ཚུན་གུས་བཀུར་དང་བརྩི་འཇོག་ལྡན་པའི་སྒོ་ནས་དཔྱད་མཆན་འདེབས་རྒྱུ་མ་ཟད་བསྟན་པར་འཚེ་བའི་རིགས་དགག་བྱ་རུ་དགོངས་དགོས་པ་དང་། དེ་བཞིན་ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་ནས་ཡུན་དུ་བརྟན་པ་དང་རྒྱས་དགོས་ཕྱིར་ཁྲིམས་འགལ་གཤེ་སྐུར་གྱི་རིགས་སྤང་བྱ་རུ་བཟུང་ནས་བསྟན་པ་སྤྱི་ལ་ཕན་པའི་མཆན་བུ་འདེབས་རོགས་གནང་ཞུ་ཞུ། །

ལན་སློགས།