ཁམས་བསྡུད་ཚིགས་སུ་བཅད་པ།

0
682
གསེར་ཡིག་རྙིང་པ།

སྤྲུལ་སྐུ་གཉེན་མཐིང་གི་གཏེར་མ།

༄༅།། །། ཁམས་བརྒྱད་གཏན་ལ་ཕབས་པ་ལས། བསྡུད་པ་ཚིགས་སུ་བཅད་པ་བཀའ་དྲི་མ་མེད་༼པ༽མན་ངག་གི་དོན་བཞུགས་སོ།།

      ཞང་ཞུང་སྐད་དུ། ཀ་ཧྲིག་གུ་གེ་ཕྱོ་སྨྲི་སད་ཝེར་རྭང་ས། མུ་ཡེ་ཞི་ལ་ཕྲོང་ཙེ་ན། འཕྱོ་སང་སང་སྟེ་ཨེ་མ་ཧོ། དམུ་ར་ཏ་ཧན་ཨག་ཅི་མ་༼ཅིམ༽གྱེར། བོད་སྐད་དུ་འཕྲུལ་གྱི་ཡི་གེ་སུམ་བཅུས་མན་ངག་དོན། དབྱིངས་ཉིད་ཚིག་དང་དོན་ལ་ཡང་དག་གཅོད། སྡུད་པ་ཚིགས་སུ་བཅད་པ་ངོ་མཚར་ཆེ། སྟོན་པ་གཤེན་རབ་ལྷ་ཞལ་གཚང་༼གཙང༽མའི་བོན། དེ་ནས་སྟོན་པ་གཤེན་རབ་ཐུགས་རྗེ་མངའ་བདག་ནི། རི་རྒྱལ་ཕོ་བྲང་ལྷ་རིའི་རྩེ་མོ་ན། གཤེན་ཕྲན་ལྔ་སྟོང་ལྔ་བརྒྱའི་༼བརྒྱས༽བསྐོར་

ནས་བཞུགས། འདབ་ཆགས་རྒྱལ་པོ་བྱ་བ་བྱེད་པ་བྱས། གསུང་གི་སྙན་རིག་གསལ་སྟོབས་ལྡན་རྨད་དུ་བྱུང༌། མི་བརྗེད་བསྙེལ་གཟུངས་ལྡན་སོ་སོའི་སྒོ་མ་བསྒྲིབས། ཟག་ཟད་ཉོན་མོངས་མེད་ཅིང་ཏིང་འཛིན་གསལ། སེམས་གྲོལ་ཐུགས་རྗེ་ཆེ་ཞིང་ཐབས་ལ་མཁས། གཏོ་ཆེ་དབྱང་༼དཔྱད༽རིང་མཚན་དང་དཔེ་བྱེད༼བྱད༽་ལྡན། བཀའ་ཆེ་ཁུང་མང་མན་ངག་མདོ་འདུས་ཤིང༌། ཐམས་ཅད་མཁྱེན་ཅིང་བླ་མེད་ཡང་དག་དོན། གཏན་ལ་ཕབ་པའི་གཤེན་རབ་པན་ཆེན་པོ་དེས། འགྲོ་དོན་རྒྱ་ལག་ཕྱད་པར་མཛད་སླད་དུ། ཐུགས་ལས་འོད་ཟེར་མང་པོ་སྤྲོ་ཞིང་བཀྱེ། དབུ་ཡི་གཙུག་དང་ཞབས་ཀྱི་མཐིལ་ལ་སོགས།

དགོངས་ཚུལ་མེད།

གསལ་བརྡ། གལ་སྲིད་སྐུ་ཉིད་ཀྱིས་རྩོམ་གྱི་གཤམ་དུ་དཔྱད་གཏམ་སྤེལ་ཚེ་ངེས་པར་མཁྱེན་དགོས་པ་ནི། རང་མིང་དངོས་དུ་བཀོལ་ནས་ཕན་ཚུན་གུས་བཀུར་དང་བརྩི་འཇོག་ལྡན་པའི་སྒོ་ནས་དཔྱད་མཆན་འདེབས་རྒྱུ་མ་ཟད་བསྟན་པར་འཚེ་བའི་རིགས་དགག་བྱ་རུ་དགོངས་དགོས་པ་དང་། དེ་བཞིན་ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་ནས་ཡུན་དུ་བརྟན་པ་དང་རྒྱས་དགོས་ཕྱིར་ཁྲིམས་འགལ་གཤེ་སྐུར་གྱི་རིགས་སྤང་བྱ་རུ་བཟུང་ནས་བསྟན་པ་སྤྱི་ལ་ཕན་པའི་མཆན་བུ་འདེབས་རོགས་གནང་ཞུ་ཞུ། །

ལན་སློགས།