བྱམས་མ་ཆེན་མོ་རྩ་བའི་འབུམ།

0
918
དགེ་བཤེས་ཤེས་རབ་རིན་ཆེན་གྱི་ནང་མིས་བཞེངས་པའི་བྱམས་མའི་སྐུ།

བྱམས་མ་ཆེན་མོ་རྩ་བའི་འབུམ་བཞུགས་སོ།།

གཏེར་མ། རྗེ་བཙུན་ཁྲོ་ཚང་འབྲུག་ལྷ།

  ཞང་ཞུང་སྐད་དུ། ཨེར་སངས་སླེ་སྨི་ཇུ་ཙེ་ཤེ་ཏི་བྷ། བོད་སྐད་དུ། བྱམས་མ་ཆེན་པོ་རྩ་བའི་འབུམ། ཡུམ་ཆེན་མོ་ཤེས་རབ་བྱམས་མ་ལ་ཕྱག་འཚལ་ལོ། །ཨཱོྃ་མི་སྐྱེ་མི་འགག་ནམ་མཁའི་རང་བཞིན་ཅན། ཤེས་རབ་གསལ་བ་ཀུན་གྱི་ཡུམ་གཅིག་མ། སྐྱེ་མེད་དབྱིངས་ནས་གསལ་བའི་འོད་ཕྱུང་ཞིང༌། ཐམས་ཅད་ཐུགས་རྗེའི་མགོན་དུ་གྱུར་པ་མོ། བ་གའི་ཀློང་ནས་སྣ་ཚོགས་གཞི་འཛིན་ཞིང༌། མ་ཆགས་པད་མོ་གཉིས་མེད་ཐབས་དང་ལྡན། ཐུགས་རྗེའི་གཙོ་མོ་ཐུགས་རྗེའི་བདག་ཉིད་ཅན། འགྱུར་མེད་ཏིང་འཛིན་གཡུང་དྲུང་བསམ་གཏན་མཆོག ཐོགས་མེད་བརྩོན་འགྲུས་གསལ་འཁྱུག་འོད་དང་ལྡན། རྣོ་དབལ་དྲག་ཤུལ་སྐྱེ་ཤིའི་རྩ་བ་གཅོད། བྱམས་སྙོམས་སྨོན་ལམ་མི་འགྱུར་རེ་དོགས་མེད། མ་བརྩལ་ལྷུན་གྲུབ་རྩལ་ཆེན་སྟོབས་དང་ལྡན། བདེ་ལྡན་བཟོད་པའི་འགོག་པ་བྱུང་ཚོར་མེད། མི་གཡོ་མི་འཁྲུགས་སྤྱོད་ཚུལ་ཁྲིམས་དང་ལྡན། འགྱུར་མེད་གཡུང་དྲུང་སྲིད་གསུམ་ཕྱག་རྒྱའི་བདག  རྫུ་འཕྲུལ་ཐབས་ཆེན་སྲིད་གསུམ་གཙོ་མོ་སྟེ། གསལ་བ་ཡེ་ཤེས་མ་བསྒྲིབས་མཁའ་ལ་ཤར། སྲིད་པ་མི་འགྱུར་གཡུང་དྲུང་བདུད་ལས་རྒྱལ། མ་རྨོངས་རིག་པ་གསལ་བའི་གཙོ་མོ་སྟེ། དངོས་མེད་སྒྲ་སྙན་སྣང་བའི་ཡུལ་ལས་འདས། བཀྲ་གསལ་པད་མའི་གདན་མཆོག་ལྷུན་ལ་རྫོགས། གསལ་བ་འོད་ལྡན་མི་ནུབ་རྒྱལ་མཚན་སྐུ། ཡིད་བཞིན་ནོར་བུ་རིན་ཆེན་གཏེར་བརྒྱད་འཆང༌། ཕྱག་རྒྱ་གར་ཐབས་གཉིས་མེད་དོན་ལ་བསྒྱུར། ཐུགས་ཉིད་མི་གཡོ་མཚན་མའི་ཡུལ་ལས་འདས། དབུ་རྒྱན་ཐོད་རྡིང་ཞུ་ཤམ་པྲོག་དང་བཅས། སྐྱོན་རྣམས་གཞི་བཅོམ་དག་པ་ཁྲུས་ཀྱི་ཆུ། རོ་ལེན་བཅུད་བསྡུས་ལེབ་རྒན་འབར་བའི་ལྗགས། སྒྲ་རྒྱལ་དུང་ཅན་མྱ་ངན་མེད་པའི་གསུང༌། དབང་བསྒྱུར་འཁོར་ལོ་ཐུགས

དགོངས་ཚུལ་མེད།

གསལ་བརྡ། གལ་སྲིད་སྐུ་ཉིད་ཀྱིས་རྩོམ་གྱི་གཤམ་དུ་དཔྱད་གཏམ་སྤེལ་ཚེ་ངེས་པར་མཁྱེན་དགོས་པ་ནི། རང་མིང་དངོས་དུ་བཀོལ་ནས་ཕན་ཚུན་གུས་བཀུར་དང་བརྩི་འཇོག་ལྡན་པའི་སྒོ་ནས་དཔྱད་མཆན་འདེབས་རྒྱུ་མ་ཟད་བསྟན་པར་འཚེ་བའི་རིགས་དགག་བྱ་རུ་དགོངས་དགོས་པ་དང་། དེ་བཞིན་ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་ནས་ཡུན་དུ་བརྟན་པ་དང་རྒྱས་དགོས་ཕྱིར་ཁྲིམས་འགལ་གཤེ་སྐུར་གྱི་རིགས་སྤང་བྱ་རུ་བཟུང་ནས་བསྟན་པ་སྤྱི་ལ་ཕན་པའི་མཆན་བུ་འདེབས་རོགས་གནང་ཞུ་ཞུ། །

ལན་སློགས།