དཔྱད་རྩོམ།

0
663

དཔྱད་རྩོམ་སྣང་བ་གསར་པ།

རྩོམ་པ་པོ། རྨ་རོང་བ་ཚུལ་ཁྲིམས་མཚོ། <<ཁྲི་བརྟན་ནོར་བུ་རྩེ།>>

      མི་ལོ་སྟོང་ཕྲག་མང་པོའི་སྔོན་ནས་དར་བའི་ཞང་ཞུང་ཤེས་རིག་གི་མཚོ་མོ་དེ་བསིལ་ལྡན་ཁ་བའི་ཞིང་དུ་བཞུར་ནས་བཟུང་། བོད་གངས་ཅན་ལྗོངས་ནི་ལུགས་གཉིས་ཀྱི་བྱ་བཞག་གང་ཐད་ནས་ཕུན་སུམ་ཇེ་ཚོགས་སུ་གྱུར་པ་དང་། ཁ་བའི་སྣོད་བཅུད་གཉིས་ལ་མངའ་མཛད་པའི་གནམ་གྱི་ཁྲི་བདུན། བར་གྱི་ལྔིང་གཉིས། ས་ལ་ལེགས་དྲུག། ཆུ་ལ་ལྡེ་བརྒྱད། བར་གྱི་བཙན་ལྔ་། ཕུན་སུམ་འཚོགས་པའི་བོན་རྒྱལ་བཞི། ཆོས་ཀྱི་སྲོལ་འབྱེད་ལྔ། རྒྱལ་སྲིད་ཐ་མའི་རྒྱུད་འཛིན་དྲུག་སོགས་ཀྱི་བོད་རྒྱལ་རིམ་པར་བྱོན་ཡོད། དེ་ཡི་ནང་ནས་རྒྱལ་སྲིད་ཐ་མའི་བརྒྱུད་འཛིན། བཙན་པོ་ལྷ་སྲས་དར་མའམ། ཡོངས་གྲགས་སུ་རྒྱལ་པོ་གླང་དར་མ་ཞེས་བརྗོད་པ་ཡིན།བཙན་པོ་ཁོང་ལ་ལོ་རྒྱུས་ཀྱི་སྤྱན་དང་མ་ལྡན་པའི་སྨྱུག་ཐོགས་པ་འགའ་ཞིག་གིས།མ་ཉེས་ཁ་ཡོག་བཀལ་ཞིང་། ལོ་རྒྱུས་འཁྱོག་པོར་སྨྲས་ནས། ཁུངས་མེད་ཀྱི་གཏམ་གླེང་ཞིག་ས་ཁྱབ་རྡོ་ཁྱབ་ཏུ་སྤེལ་ཏེ།གངས་ཕྲུག་ན་གཞོན་ཚོའི་སྙན་དབང་དུ་བསྒྲགས་ཡོད། དེར་བརྟེན་རང་ཉིད་བོད་པ་ཞིག་ཡིན་ཕྱིར། ཁོང་གི་སྐོར་ལ་ཅུང་ཙམ་ཞིག་ཞུས་ན། སྤྱིར་ང་རང་ཚོའི་རྒྱལ་རབས་ཀྱི་ལོ་རྒྱུས་སྨྲ་མཁན་ནི། ཆོས་ལུགས་ཉམས་ལེན་བྱེད་མཁན་ཤ་སྟག་ཡིན་སྟབས། ལོ་རྒྱུས་ནི་ཆོས་ལུགས་ཀྱི་འཐེན་ཁྱེར་དང་། འཇིག་རྟེན་པའི་ངག་སྒྲོས་ཙམ་དུ་སོང་ནས། ཚད་འཛིན་འོས་པ་ཤིན་ཏུ་དཀའ་མོར་གྱུར་ཡོད། དཔེར་ན། བོད་རྒྱལ་ཁ་ཤས་ནི་ལྐུགས་པའི་ཚུལ་དུ་གནས་པ་དང་། ཡང་བོད་རྒྱལ་ཁ་ཤས་ཀྱི་དབུ་ལ་སངས་རྒྱས་ཀྱི་གཙུག་ཏོར་ཡོད་པ་དང་། བོད་རྒྱལ་ཁ་ཤས་ཀྱི་དབུ་ལ་དུད་འགྲོའི་རྭ་ཡོད་པར་བཤད་དེ། དྲང་པོར་སྨྲས་པའི་ལོ་རྒྱུས་ཞིག་ཤིན་ཏུ་ཉུང་ཉུང་གྱུར་ཡོད། ཁོང་གི་ལོ་རྒྱུས་སྐོར་བཤད་མཁན་མང་ཡང་དྲང་པོར་བཤད་མཁན་ནི་ཉིན་མོའི་སྐར་མ་ཙམ་ཞིག་རེད་འདུག  ཡིན་ན་རང་ཉིད་ཀྱི་རྣམ་དཔྱོད་བློ་གྲོས་ཀྱིས་དཔོག་ཚོད་ཙམ་ཞིག་གངས་ཕྲུག་ན་གཞོན་ཚོའི་སྙན་དབང་དུ་འབུལ་བ་ལ། ཐོག་མར་གླང་དར་ཞེས་པའི་མིང་འདོགས་ཚུལ་ལ་དཔྱད་པ་དང་། བར་དུ་སངས་རྒྱས་ཀྱི་བསྟན་པ་བསྣུབས་ཞེས་པའི་དོན་ལ་དཔྱད་པ་དང་། མཐར་བོད་རྒྱལ་གླང་དར་མའམ་ལྷ་སྲས་བཙན་པོ་སྐུ་བཀྲོང་ནས།

དགོངས་ཚུལ་མེད།

གསལ་བརྡ། གལ་སྲིད་སྐུ་ཉིད་ཀྱིས་རྩོམ་གྱི་གཤམ་དུ་དཔྱད་གཏམ་སྤེལ་ཚེ་ངེས་པར་མཁྱེན་དགོས་པ་ནི། རང་མིང་དངོས་དུ་བཀོལ་ནས་ཕན་ཚུན་གུས་བཀུར་དང་བརྩི་འཇོག་ལྡན་པའི་སྒོ་ནས་དཔྱད་མཆན་འདེབས་རྒྱུ་མ་ཟད་བསྟན་པར་འཚེ་བའི་རིགས་དགག་བྱ་རུ་དགོངས་དགོས་པ་དང་། དེ་བཞིན་ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་ནས་ཡུན་དུ་བརྟན་པ་དང་རྒྱས་དགོས་ཕྱིར་ཁྲིམས་འགལ་གཤེ་སྐུར་གྱི་རིགས་སྤང་བྱ་རུ་བཟུང་ནས་བསྟན་པ་སྤྱི་ལ་ཕན་པའི་མཆན་བུ་འདེབས་རོགས་གནང་ཞུ་ཞུ། །

ལན་སློགས།