མཁྱེན་གསོལ་རྣམ་དག

0
1966
སྐྱབས་འགྲོའི་ཚོགས་ཞིང་འདི་ཉིད་གཏོ་ཡི་བཀའ་སྒྲོམ་དྲ་སྟེགས་ནས་མཁོ་འདོན་ཞུས།

མཁྱེན་གསོལ་རྣམ་དག་ཆུ་རྒྱུན་ཞེས་བྱ་བ་བཞུགས།

རྩོམ་པ་པོ། རྗེ་རིན་པོ་ཆེ་མཉམ་མེད་ཤེས་རབ་རྒྱལ་མཚན། 

༄༅། །བླ་མ་ཡི་དམ་མཁའ་འགྲོ་གསུམ་ལ་ཕྱག་འཚལ་ལོ།། ཉམས་ཆག་བསྐང་བའི་ཚུལ་ལ།  ཕྱི་ནང་གསང་བའི་མཆོད་རྫས་ཅི་འབྱོར་བཤམས་ཤིང་།  ཐ་ནའང་མེ་མཆོད་ལ་སོགས་ལ་བརྟེན་ནས།  བླ་མ་ཡི་དམ་འཁོར་དང་བཅས་པ་རྣམས།  དམིགས་མེད་གནས་སུ་གསལ་བར་བསྐྱེད་ཅིང་བསྟིམ་ལ།  རང་ཉིད་ཡི་དམ་དུ་གསལ་བས་མཆོད་རྫས་བྱིན་གྱིས་རླབས་ཤིང་།  རྔ་གཤང་གི་སྒྲ་ཕྱུང་།  ཉམས་རྟོགས་ཀྱི་ངར་འདོན།  དྭངས་བའི་སེམས་བསྐྱེད་ལ།  གདུང་བའི་དབྱངས་ཀྱིས་འདི་སྐད་དོ།།  བསྭོ་ཁྱབ་བདལ་བདེ་ཆེན་གཞལ་ཡས་ནས།  དཔོན་གསས་རིག་འཛིན་དགོངས་སུ་གསོལ། མཁའ་དབྱིངས་ཡོངས་རྫོགས་གསས་མཁར་ནས།  ཕྱི་ནང་ལྷ་ཚོགས་དགོངས་སུ་གསོལ།  མཁའ་སྤྱོད་ཉམས་དགའི་ཕོ་བྲང་ནས།  མ་སྲིང་མཁའ་འགྲོ་དགོངས་སུ་གསོལ།  འདས་དང་མ་འདས་སོ་མཚམས་ནས།  བོན་སྐྱོང་དཔལ་མགོན་དགོངས་སུ་གསོལ།  མ་རུང་དྲེགས་པའི་གནས་མཆོག་ནས།  སྡེ་བརྒྱད་ཡུལ་ས་དགོངས་སུ་གསོལ།  ཁམས་གསུམ་འཁོར་བའི་ཞིང་ཁམས་ནས།  རིགས་དྲུག་སེམས་ཅན་དགོངས་སུ་གསོལ།  དགོངས་ཤིག་དམ་ལྡན་གཤེན་ལ་དགོངས།  གཟིགས་ཤིག་ལོངས་སྤྱོད་རྒྱན་ལ་གཟིགས།  གསོན་ཞིག་བདེན་པའི་ཚིག་ལ་གསོན།  བཞེས་ཤིག་མཆོད་རྫས་ལོངས་སྤྱོད་བཞེས།  སྐོངས་ཤིག་ཉམས་ཆག་འགལ་འཁྲུལ་སྐོངས།  སྦྱོངས་ཤིག་ལས་ཉོན་སྡིག་སྒྲིབ་སྦྱོངས།  སྲུངས་ཤིག་བསྟན་པ་གཉན་པོ་སྲུངས།  ཟློག་ཅིག་མི་མཐུན་བར་ཆད་ཟློག།  སྒྲོལ་ཞིག་ལོག་འདྲེན་དགྲ་བགེགས་སྒྲོལ། མཛོད་ཅིག་བཅོལ་པའི་ཕྲིན་ལས་མཛོད།  བསྭོ་མཁའ་དབྱིངས་ཡོངས་རྫོགས་ཕོ་བྲང་ནས།  དཔོན་གསས་རིག་འཛིན་བརྒྱུད་པའི་ཚོགས།  ཕྱི་ནང་ལྷ་ཚོགས་གཙོ་འཁོར་བཅས། སྐྱེ་མེད་དབྱིངས་ནས་མི་གཡོ་ཡང་།  འགག་མེད་རོལ་པའི་སྐུར་བཞེངས་ལ།  སྒྲུབ་གནས་གསང་བའི་ཕོ་བྲང་འདིར།  ཐུགས་དམ་བསྐང་ཕྱིར་སྤྱན་འདྲེན་གྱིས།  སེམས་ཅན་དོན་ཕྱིར་གཤེགས་སུ་གསོལ།  གཉིས་མེད་དོན་གྱིས་བརྟན་པར་བཞུགས།  སྒོ་གསུམ་དྭངས་བས་གུས་ཕྱག་འཚལ།  ལས་ཉོན་སྡིག་སྒྲིབ་སོ་སོར་བཤགས།  བྱང་དག་ཚངས་པའི་དངོས་གྲུབ་སྩོལ།  བསྭོ་བསྐང་ངོ་ལྷ་སྲུང་ཐུགས་དམ་བསྐང་།  བསྐང་བའི་དམ་རྫས་སྣ་ཚོགས་འདིས།  ཚུལ་ཁྲིམས་ས་གཞི་ཝངས་སེ་ཝང་།  ཏིང་འཛིན་རི་བོ་ཟངས་སེ་ཟང་།  ཤེས་རབ་དཔག་བསམ་ལྡེམས་སེ་ལྡེམ།  ཐོས་པའི་རྒྱ་མཚོ་མེ་རེ་རེ།  བསམ་པའི་རྦ་རླབས་ཀྱི་ལི་ལི། སྒོམ་རྟོགས་ནོར་བུ་སྤུངས་སེ་སྤུང་།  འཆད་པའི་འབྲུག་སྒྲ་ལྡི་རི་རི།  རྩོམ་པའི་གཡུ་བུན་ཐུ་ལུ་ལུ་།  རྩོད་པའི་ཐོག་སྒྲ་ཆེམས་སེ་ཆེམས།  བསྐྱེད་པའི་སྐར་ཚོགས་ཁྲ་ལ་ལ།  རྫོགས་པའི་འཇའ་འོད་ལམས་སེ་ལམ།  ཟུང་འཇུག་ཉི་ཟླ་ལྷགས་སེ་ལྷག།  བསྙེན་པའི་སྤྲིན་དཔུང་འཐིབས་སེ་འཐིབ།  བསྒྲུབ་པའི་ཆར་ཆེན་སིབས་སེ་སིབ།  ལས་སྦྱོར་གློག་དམར་ཁྱུགས་སེ་ཁྱུག།  ལྟ་བའི་ཞུགས་མར་ཡ་ལ་ལ།  སྤྱོད་པའི་སྒྲ་སྙན་ཁྲོ་ལོ་ལོ།  སྒོམ་པའི་དྲི་བསུང་ཆི་ལི་ལི།  དམ་ཚིག་ཡོན་ཆབ་འཁྱིལ་དེ་འཁྱིལ།  འཕྲིན་ལས་འཕན་དར་ལྷུབས་སེ་ལྷུབ། གསལ་བའི་མེ་ཏོག་ཝལ་ཏེ་ཝལ།  བདེ་བའི་གར་སྟབས་ལོགས་སེ་ལོག།  མི་རྟོག་གཏེར་ཆེན་ལྷུབས་སེ་ལྷུབ།  དུག་ལྔའི་དབལ་གཏོར་ཟངས་སེ་ཟང་།  གཏི་མུག་ཤ་རི་ལིངས་སེ་ལིང་།  འདོད་ཆགས་ཁྲག་མཚོ་ཀྱི་ལི་ལི།  ཞེ་སྡང་རུས་བྲག་ཧྲངས་སེ་ཧྲང་།  གསལ་སྟོང་སྨན་མཆོད་མེ་རེ་རེ།  གྲགས་སྟོང་འཛབ་དབྱངས་འུ་རུ་རུ།  རིག་སྟོང་ཚོགས་ཆེན་སྤུངས་སེ་སྤུངས།  བདེ་སྟོང་སྦྱོར་བ་ཕྱོད་དེ་ཕྱོད།  སྣང་སྟོང་སྒྲོལ་བ་ཤིགས་སེ་ཤིག།  སྐྱེ་མེད་ལྷ་མོ་དུན་ནེ་དུན།  འགག་མེད་ལྷ་སྲས་ཁྲིགས་སེ་ཁྲིག།  འདི་ལྟར་བླ་མེད་མཆོད་སྤྲིན་འདིས། དཔོན་གསས་རིག་འཛིན་ཐུགས་དམ་བསྐང་།  ཕྱི་ནང་ལྷ་ཚོགས་ཐུགས་དམ་བསྐང་། བོན་སྐྱོང་དཔལ་མགོན་ཐུགས་དམ་བསྐང་།  ལྷ་སྲིན་སྡེ་བརྒྱད་ཐུགས་དམ་བསྐང་།  ཡུལ་ས་ལྕམ་དྲལ་ཐུགས་དམ་བསྐང་།  འགྲོ་བ་རིགས་དྲུག་ཐུགས་དམ་བསྐང་།  བསྐང་བའི་འབྲས་བུ་མཆིས་པར་མཛོད་།  དམ་བསྐང་དངོས་གྲུབ་བདག་ལ་སྩོལ།  བསྭོ་བསྐང་ངོ་ཐུགས་དམ་གཉེན་པོ་བསྐངས།  སྐུ་གསུམ་སངས་རྒྱས་ངོ་བོ་ཉིད་།  བརྒྱུད་ལྡན་བླ་མའི་ཐུགས་དམ་བསྐང་།  བསྟན་པ་མི་ནུབ་སྲོག་ཤིང་འཛིན།  འདུལ་བརྒྱུད་མཁན་སློབ་ཐུགས་དམ་བསྐང་།  ཡོན་ཏན་ཀུན་བསྐྱེད་ལུང་རིག་སྟོན།  ཕྱི་རྒྱུད་བླ་མའི་ཐུགས་དམ་བསྐང་། གསང་བའི་སྔགས་འཛིན་དབང་བཞིའི་བདག།  ནང་རྒྱུད་བླ་མའི་ཐུགས་དམ་བསྐང་། ཟབ་མོའི་དོན་རྟོགས་གནས་ལུགས་སྟོན།  གསང་རྒྱུད་བླ་མའི་ཐུགས་དམ་བསྐང་།  ཟབ་དོན་སྟོན་པའི་བཀའ་དྲིན་ཅན།  བཀའ་རྒྱུད་བླ་མའི་ཐུགས་དམ་བསྐང་།  ཉམས་རྟོགས་བསྐྱེད་པའི་ཐུགས་རྗེ་ཅན།  དགོངས་རྒྱུད་བླ་མའི་ཐུགས་དམ་བསྐང་།  བར་ཆད་སེལ་མཛད་བྱིན་རླབས་ཅན།  སྒྲུབ་རྒྱུད་བླ་མའི་ཐུགས་དམ་བསྐང་།  རྒྱུད་ལུང་མན་ངག་སྟོན་པའི་དཔལ།  དྲིན་ཅན་བླ་མའི་ཐུགས་དམ་བསྐང་།  མན་ངག་བྱིན་རླབས་འབྱུང་བའི་གནས།  རྩ་བའི་བླ་མའི་ཐུགས་དམ་བསྐང་།  དཔོན་གསས་རིག་འཛིན་ཐུགས་རྗེ་ཅན། ཐུགས་རྗེའི་སྤྲིན་དཔུང་མཁའ་ལ་གཏིབས།  བྱིན་རླབས་ཆར་ཆེན་བདག་ལ་ཕོབས།  དོན་གཉིས་མཐར་ཕྱིན་དངོས་གྲུབ་སྩོལ།  གཞན་ཡང་ཐུགས་དམ་བསྐང་བ་ནི།  ཕྱི་ནང་ལྷ་ཚོགས་ཐུགས་དམ་བསྐང་།  ས་ཏྲིག་ཨེར་སངས་ལ་སོགས་ཏེ།  ཀློང་ཡངས་ལྷ་ཚོགས་ཐུགས་དམ་བསྐང་།  བདེར་གཤེགས་གཙོ་བཞི་ལ་སོགས་ཏེ།  ཀློང་རྒྱས་ལྷ་ཚོགས་ཐུགས་དམ་བསྐང་།  སྐུ་གསུམ་མེ་ལྷ་ལ་སོགས་ཏེ།  རྒྱུན་གྱི་ལྷ་ཚོགས་ཐུགས་དམ་བསྐང་།  ཀུན་ཏུ་བཟང་པོ་ལ་སོགས་ཏེ།  ཞི་བའི་ལྷ་ཚོགས་ཐུགས་དམ་བསྐང་།  ཀུན་སྣང་ཁྱབ་པ་ལ་སོགས་ཏེ།  རྒྱས་པའི་ལྷ་ཚོགས་ཐུགས་དམ་བསྐང་།  གཙོ་མཆོག་

དགོངས་ཚུལ་མེད།

གསལ་བརྡ། གལ་སྲིད་སྐུ་ཉིད་ཀྱིས་རྩོམ་གྱི་གཤམ་དུ་དཔྱད་གཏམ་སྤེལ་ཚེ་ངེས་པར་མཁྱེན་དགོས་པ་ནི། རང་མིང་དངོས་དུ་བཀོལ་ནས་ཕན་ཚུན་གུས་བཀུར་དང་བརྩི་འཇོག་ལྡན་པའི་སྒོ་ནས་དཔྱད་མཆན་འདེབས་རྒྱུ་མ་ཟད་བསྟན་པར་འཚེ་བའི་རིགས་དགག་བྱ་རུ་དགོངས་དགོས་པ་དང་། དེ་བཞིན་ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་ནས་ཡུན་དུ་བརྟན་པ་དང་རྒྱས་དགོས་ཕྱིར་ཁྲིམས་འགལ་གཤེ་སྐུར་གྱི་རིགས་སྤང་བྱ་རུ་བཟུང་ནས་བསྟན་པ་སྤྱི་ལ་ཕན་པའི་མཆན་བུ་འདེབས་རོགས་གནང་ཞུ་ཞུ། །

ལན་སློགས།