གཡུང་དྲུང་བོན་གྱི་དཀྱིལ་འཁོར།

2
2521
གཤེན་གྱི་དགེ་སྤྱོད་རྣམ་པར་དག་པའི་དཀྱིལ་འཁོར་འདི་ནི་དཀའ་ཐུབ་ཆེན་མོའི་སྐབས་སུ་གཞི་མ་པང་ཅལ་ནག་པོའི་གདན་ལ་ཕྱག་གིས་བྲིས་ཏེ་བླུག་པ་ཞིག་རེད།

རྩོམ་པ་པོ། མཛེས་རིས་སྒྱུ་རྩལ་པ་ལི་བློ་གསལ། <<ཁྲི་བརྟན་ནོར་བུ་རྩེ།>>

འགྲོ་ཀུན་འཁོར་མཚོ་བསྒྲལ་བའི་ཐབས་ཆེན་པོར།།
བོན་སྒོ་ཐེག་རྒྱུད་བསམ་གྱིས་མི་ཁྱབ་གསུངས།།
གསང་བ་གསང་ཆེན་ཐེག་པའི་འཇུག་སྒོ་ལ།།
བསྐྱེད་རྫོགས་ཟབ་མོ་དོན་གྱི་གཞི་རྩ་རུ།།
དཀྱིལ་འཁོར་བྱེ་བྲག་ཕྱི་ནང་གསང་གསུམ་བསྟན།།
རང་བཞིན་ཏིང་འཛིན་མཚན་མའི་དཀྱིལ་འཁོར་གསུམ།།

མ་བཅོས་ཁྱབ་བདལ་ཆེན་པོའི་རང་བཞིན་ལ།།
སྐུ་དང་ཡེ་ཤེས་མ་འགག་རོལ་པའི་རྩལ།།
དབྱེར་མེད་བདེ་བ་ཆེན་པོའི་ངོ་བོ་ཉིད།།
རང་བཞིན་དབྱིངས་ཀྱི་དཀྱིལ་འཁོར་དེ་ལ་བྱ།།

རྣལ་འབྱོར་ཏིང་འཛིན་རིག་པའི་ངོ་བོ་ལ།།
ཕྱི་སྣོད་གསང་ཆེན་ཐེག་པའི་གཞལ་ཡས་ཁང་།།
ནང་བཅུད་དཔལ་བོ་མཁའ་འགྲོ་རྒྱ་མཚོ་ཆེར།།
ཏིང་འཛིན་རིག་པའི་དཀྱིལ་འཁོར་སྒོམ་པའོ།།

མཚན་མ་རྡུལ་ཚོན་དཀྱིལ་འཁོར་ལ་ཡང་གསུམ།།
སླང་དང་འཇོག་དང་དབུབ་དང་རྣམ་གསུམ་སྟེ།།
སྒོ་རྩིག་ལྕོག་དང་ལྕགས་རི་བསླང་བའི་རིགས།།
གདུང་ལྕམ་ཡ་གད་ལ་སོགས་ཕུབ་པའི་རིགས།།

ལྷ་གདན་རིགས་རྟགས་ལ་སོགས་འཇོག་པའི་སྡེ།།
རྡུལ་ཚོན་རྣམ་པར་དག་པའི་ཐིག་ཆེན་ནི།།
སྣང་སྲིད་སྣོད་བཅུད་ཀློང་དུ་གདབ་པར་བྱ།།
ཆག་གདབ་ཐིག་དང་ཚོན་བཀྱེ་ས་བོན་འགོད།།
གཞུང་ལས་གསལ་བཞིན་ཆག་ཚད་ལྡན་པར་བྱའོ།།

མཚན་མ་རྡུལ་ཚོན་དཀྱིལ་འཁོར་མ་ཤེས་ན།།
ཏིང་འཛིན་རིག་པའི་དཀྱིལ་འཁོར་རྟོགས་ཐབས་མེད།།
དེ་མ་རྟོགས་ན་དབྱིངས་ཉིད་དོན་མི་རྟོགས།།
དེས་ན་རྡུལ་ཚོན་དཀྱིལ་འཁོར་ཤིན་ཏུ་གལ།།

དེ་ལ་དགེ་སྤྱོད་ཐིག་ཚོན་ནི།།
མཐའ་ཐིག་བཞི་དང་ཚངས་ཐིག་བཞི།།
དབུས་སུ་དྲངས་ཏེ་རིམ་གཉིས་བསྐོར།།

དེ་མུས་རྗེས་ནས་ཡོང་་་་་།

2 དགོངས་ཚུལ་རྣམས།

གསལ་བརྡ། གལ་སྲིད་སྐུ་ཉིད་ཀྱིས་རྩོམ་གྱི་གཤམ་དུ་དཔྱད་གཏམ་སྤེལ་ཚེ་ངེས་པར་མཁྱེན་དགོས་པ་ནི། རང་མིང་དངོས་དུ་བཀོལ་ནས་ཕན་ཚུན་གུས་བཀུར་དང་བརྩི་འཇོག་ལྡན་པའི་སྒོ་ནས་དཔྱད་མཆན་འདེབས་རྒྱུ་མ་ཟད་བསྟན་པར་འཚེ་བའི་རིགས་དགག་བྱ་རུ་དགོངས་དགོས་པ་དང་། དེ་བཞིན་ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་ནས་ཡུན་དུ་བརྟན་པ་དང་རྒྱས་དགོས་ཕྱིར་ཁྲིམས་འགལ་གཤེ་སྐུར་གྱི་རིགས་སྤང་བྱ་རུ་བཟུང་ནས་བསྟན་པ་སྤྱི་ལ་ཕན་པའི་མཆན་བུ་འདེབས་རོགས་གནང་ཞུ་ཞུ། །

  1. ངོ་མ་རི་མོ་དེ་ཡག་འདུག ལི་བློ་གསལ་ལགས་ཀྱི་སྒྱུ་རྩལ་རི་མོ་གཞན་ཁག་ཀྱང་མཐོང་འདོད་བྱུང་།

ལན་སློགས།