གཏམ་བཟང་གནད་བསྡུས།    

0
1276

རྣམ་པར་རྒྱལ་བ།༢༄༅། ཕ་ཡུལ་ཁྱུང་པོ་ནས་འཚར་ལོངས་བྱུང་བའི་ན་གཞོན་ལྷ་རིས་པ་ར་མ་ཚེ་དབང་ནམ་མཁས་ད་སྔོན་ལོ་མང་རིང་སྲོལ་རྒྱུན་ལྡོང་ལུགས་ལྷ་རིས་ལ་སྦྱོང་པ་བྱས་ཤིང་། ཐང་ཀ་བཞེངས་པ་དང་། རིམ་པ་ཁག་གི་རིག་གནས་འགྲེམ་ཚོགས་ལ་ཞུགས་པ་མ་ཟད་གཟེངས་བསྟོད་དང་བྱ་དགའ་ཡང་རབ་དང་རིམ་པ་ཐོབ་མྱོང་ཡོད།རྡོ་ཚོན།༡

ཕྱི་ལོ་ ༢༠༠༩ ནས་བཟུང་ཁོང་གིས་དམིགས་བསལ་ཚོན་གྱི་སྐོར་ལ་ཞིབ་འཇུག་བྱས་པ་ལས་ཉེ་ཆར་རྡོ་ཚོན་ཁག་ཅིག་ཕ་ཡུལ་ཁྱུང་པོ་ཁོག་རང་ས་ནས་ཐོན་སྐྱེད་ཐུབ་ཡོད་པའི་གཏམ་བཟང་འདུག སྔར་དུས་སུ་མེས་པོ་གོང་མ་རྣམས་ཀྱིས་ཁྱུང་ཁོག་རང་ནས་རྡོ་ཚོན་གྱི་རིགས་འགའ་ཞིག་བེད་སྤྱོད་གནང་མྱོང་ཡོད་འདུག་ཀྱང་བར་དུ་སྟོང་ཆ་ཆེན་པོ་ལྷག་ཅིང་ལྷ་བཟོ་རྣམས་ཀྱིས་ཀྱང་གཞན་ནས་ཉོ་བ་ལས་རང་ས་རང་ཁོང་ནས་རྩོལ་སྒྲུབ་བྱས་ནས་ཐོན་པའི་རྡོ་ཚོན་ཧ་ལམ་མེད་པ་ལྟ་བུ་སྣང་།

གཞུང་ལུགས་ལས་སྤྱིར་ན་ཚོན་གྱི་རྣམ་གྲངས་མང་དུ་གསུངས་ཤིང་བྱེ་བྲག་ཏུ་མཁའ་ལྡིང་གི་རྫས། མེ་ཏོག་གི་རྩི། གཏེར་རྡོའི་ཚོན། དྲུམ་ཤིང་ཁུ་བའི་བཀྲག་མདངས་དབྱུངས་ཞེས་པ་སོགས་རང་བྱུང་ཁམས་ཀྱི་གཏེར་དངོས་ལས་བྱུང་བའི་ཚོན་གྱི་རྒྱུ་ཆ་དང་། རྣམ་པ་དུ་མ་གསུངས་ཡོད།

སྟག་ལ་མེ་འབར།༣རྡོ་ཚོན་གྱི་ཁྱད་བོན་ནི། ལོ་ངོ་བརྒྱ་ཕྲག་ཕྱིན་ཀྱང་ཚོན་གྱི་ངོ་བོ་ལ་འགྱུར་བ་མེད་ཅིང་སྲ་ཐུབ་པ་དང་། མདོག་བཟང་བ། རྫས་འགྱུར་གྱི་ཚོན་དང་རྣམ་པ་མི་འདྲ་བར་འཛད་སྤྱོད་པ་རྣམས་ཀྱི་ལུས་ཁམས་དང་ཁོར་ཡུག་ལའང་དེ་ཙམ་མི་གནོད་པའི་ཁྱད་པར་ཡོད།བཙན།༤

སྤྱིར་རྡོ་ཚོན་སྔོག་འདོན་དང་བསྲེ་སྦྱོར་གྱི་རིག་པ་ནི་མེས་པོ་གོང་མ་རྣམས་ཀྱི་བློ་གྲོས་ཀྱི་ཉིང་ཁུ་ལས་བྱུང་བ་ཞིག་སྟེ། གོང་བཤད་ལྟར་ཡུལ་གྱི་གཏེར་ཁའི་ཐོན་རྫས་ཁག་གཅིག་དང་། སྐྱེ་དངོས་ཀྱི་རིགས་འགའ་ཞིག་ལ་ཉམས་ཞིབ་དང་ཞུན་བརྡར་བྱས་པ་ལས་བྱུང་བ་ཞིག་ཡིན། དེ་ཡང་སྔར་དུས་སུ་རྡོ་ཚོན་གྱི་ཐོན་ཁུངས་གྲགས་ཆེ་བ་སྙེ་མོ་དང་། ལྷོ་བྲག ཆབ་མདོ་སོགས་ས་ཆ་ཁག་འགའ་ཞིག་ལས་བོད་ཀྱི་ཡུལ་ལུང་ཕལ་ཆེ་བར་ཞིབ་འཇུག་དེ་ཙམ་གནང་མྱོང་མེད་པའི་རྣམ་པ་ཆགས་ཡོད། མ་འོང་པར་འདི་བཞིན་རྡོ་ཚོན་གྱི་ཐོན་ཁུངས་དངོས་ལ་ཞིབ་འཇུག་གི་ལམ་ནས་སྤུས་ཚད་གོང་མཐོ་དང་། སྣ་འཛོམས་འཐུས་ཚང་ཡོང་བའི་སྨོན་པ་དང་བཅས།

ཨ་དར་ཤས་སྡུད་འགོད་བྱས།

དགོངས་ཚུལ་མེད།

གསལ་བརྡ། གལ་སྲིད་སྐུ་ཉིད་ཀྱིས་རྩོམ་གྱི་གཤམ་དུ་དཔྱད་གཏམ་སྤེལ་ཚེ་ངེས་པར་མཁྱེན་དགོས་པ་ནི། རང་མིང་དངོས་དུ་བཀོལ་ནས་ཕན་ཚུན་གུས་བཀུར་དང་བརྩི་འཇོག་ལྡན་པའི་སྒོ་ནས་དཔྱད་མཆན་འདེབས་རྒྱུ་མ་ཟད་བསྟན་པར་འཚེ་བའི་རིགས་དགག་བྱ་རུ་དགོངས་དགོས་པ་དང་། དེ་བཞིན་ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་ནས་ཡུན་དུ་བརྟན་པ་དང་རྒྱས་དགོས་ཕྱིར་ཁྲིམས་འགལ་གཤེ་སྐུར་གྱི་རིགས་སྤང་བྱ་རུ་བཟུང་ནས་བསྟན་པ་སྤྱི་ལ་ཕན་པའི་མཆན་བུ་འདེབས་རོགས་གནང་ཞུ་ཞུ། །

ལན་སློགས།