༼འཇའ་ལུས་༽ཞེས་པའི་ཕྱག་དཔེ་གསར་དུ་ཐོན་པ།

0
860
པར་པ་སྲིད་པའི་མིག

 

སྐུ་ཞབས་ལོར་གྷན་ནེ་སི་ནི་དཀའ་ཉན་ཅན་གྱི་བྱ་བར་འཇུག་མི་བློ་སྟོབས་ཅན་ཞིག་ཡིན་ཅིང་ད་ཆར་ཐཱ་ཡེ་ལན་དྲུའི་རྒྱལ་ས་བྷན་ཁོག་ཏུ་གནས་སྡོད་བྱེད་བཞིན་ཡོད།

ཁོང་ཕྱི་ལོ་ ༡༩༥༧ ལོར་འཁྲུངས་པ་དང་། སྐུ་ན་གཞོན་པའི་སྐབས་སུད་སི་ལན་དྲུ་དང་། ཨ་མི་རི་ཀ་རུ་སློབ་སྦྱོང་གནང་། ཕྱིས་སུ་ཨོག་སུ་ཕོར་དྲུ་ Oxford གཙུག་ལག་སློབ་གྲྭ་ཆེན་མོ་ནས་བོད་རིག་པ་གཙོས་པའི་ཤར་གླིང་རིག་པར་སློབ་སྦྱོང་གནང་ནས་ཨམ་ཕིལ་ MPhil གྱི་མཚན་གནས་ཐོབ། ཐོག་མར་ཁོང་གིས་ལོར་གྷན་ནེ་སིའི་ཐེབས་རྩ་ཚོགས་པའི་བརྒྱུད་ནས་གཞན་ཕན་གྱི་མཛད་ཕྲིན་བསྐྱངས་པ་དང་། དེ་རྗེས་སྐལ་པ་གྷུ་རོབ་ཀྱི་བརྒྱུད་ནས་ལས་རིགས་སྣ་མང་ཐོག་གཞན་ཕན་གྱི་ཕྱག་ལས་མང་པོ་བསྒྲུབས་དང་སྒྲུབ་བཞིན་མཆིས། ལྷག་པར་དུ་ཁོང་གིས་བོད་དང་ས་མཐོའི་ཧི་མ་ལ་ཡི་གནའ་བོའི་ནང་ཆོས་བོན་དང་འབྲེལ་ཡོད་ཉམས་ཞིབ་དང་། དྲིལ་བསྒྲགས་བརྒྱུད་ལམ། ཡར་རྒྱས་ཀྱི་ལས་དོན་སོགས་ཕྱོགས་མང་པོར་དཔལ་འབྱོར་གྱི་མཐུན་སྦྱོར་གནང་བཞིན་ཡོད། དེ་དག་གི་ནང་ནས་ལས་དོན་གཙོ་ཆེ་བ་གཅིག་ནི་ཧྥ་རན་སའི་ལོ་ཝ་ས་ཁུལ་དུ་བོན་དགོན་གཤེན་བསྟན་དར་རྒྱས་གླིང་ཕྱག་བཏབ་མཛད་པར་དཔལ་འབྱོར་གྱི་མཐུན་རྐྱེན་གནང་བ་དེ་ཡིན།
ད་ཕན་ཁོང་གིས་ལོ་ངོ་བཅོ་ལྔ་ཙམ་གྱི་ནང་བོན་གྱི་རྫོགས་ཆེན་ལ་ཉམས་ལེན་གནང་དང་གནང་བཞིན་པ་ཡིན་ཞིང་འཇའ་ལུས་ཞེས་པའི་ཕྱག་དཔེ་འདི་ནི་ཁོང་གིས་བྲིས་པའི་དེབ་དང་པོ་དེ་ཆགས་ཡོད།
འདི་ལྟར་ཕྱག་དཔེ་གསར་དུ་ཐོན་པར་ངེད་ཚོས་དགའ་བསུ་དང་བཅས་བཀྲ་ཤིས་བདེ་ལེགས་ཞུ།

མེ་ལོང་ཡེ་ཤེས་དྲྭ་བའི་གཙོ་སྒྲུབ་སྡེ་ཚན་ནས་ཕྱི་ལོ་ ༢༠༡༨ ཟླ་ ༠༥ ཚེས་ ༠༣ ཉིན།

དགོངས་ཚུལ་མེད།

གསལ་བརྡ། གལ་སྲིད་སྐུ་ཉིད་ཀྱིས་རྩོམ་གྱི་གཤམ་དུ་དཔྱད་གཏམ་སྤེལ་ཚེ་ངེས་པར་མཁྱེན་དགོས་པ་ནི། རང་མིང་དངོས་དུ་བཀོལ་ནས་ཕན་ཚུན་གུས་བཀུར་དང་བརྩི་འཇོག་ལྡན་པའི་སྒོ་ནས་དཔྱད་མཆན་འདེབས་རྒྱུ་མ་ཟད་བསྟན་པར་འཚེ་བའི་རིགས་དགག་བྱ་རུ་དགོངས་དགོས་པ་དང་། དེ་བཞིན་ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་ནས་ཡུན་དུ་བརྟན་པ་དང་རྒྱས་དགོས་ཕྱིར་ཁྲིམས་འགལ་གཤེ་སྐུར་གྱི་རིགས་སྤང་བྱ་རུ་བཟུང་ནས་བསྟན་པ་སྤྱི་ལ་ཕན་པའི་མཆན་བུ་འདེབས་རོགས་གནང་ཞུ་ཞུ། །

ལན་སློགས།