གདན་ས་ཆེན་མོ་དཔལ་ལྡན་ཁྲི་བརྟན་ནོར་བུའི་རྩེར་སྲིད་རྒྱལ་འབུམ་ཚོགས་འབུལ་བཞིན་པ།

0
902
པར་པ་ཁྱུང་ཐོག་རྒོད།

འདི་ག་གཡུང་དྲུང་བོན་གྱི་གདན་ས་ཆེན་མོ་དཔལ་ལྡན་ཁྲི་བརྟན་ནོར་རྩེའི་འདུས་སྤྱི་ནས། སངས་རྒྱས་ཀྱི་བསྟན་པ་སྤྱི་དང་སྒོས་སུ་ཞྭ་དཀར་གཡུང་དྲུང་བོན་གྱི་བསྟན་པ་རིན་པོ་ཆེ་འདི་ཉིད་དར་རྒྱས་ཡུན་དུ་གནས་ཤིང་། བསྟན་པའི་གཙུག་རྒྱན་༸སྐྱབས་རྗེ་མཁན་སློབ་གཤེན་གསུམ་གཙོས་པའི་ནང་བསྟན་གྲུབ་མཐའ་རིས་མེད་ཀྱི་བསྟན་འཛིན་སྐྱེས་ཆེན་རྣམ་པའི་གསང་གསུམ་ཉེར་འཚེའི་འཇིགས་པ་ལྷག་མེད་དུ་ཞི་ནས། རླབས་ཆེན་ཐུགས་ཀྱི་དགོངས་བཞེད་ཟབ་མོ་འབད་མེད་ལྷུན་གྱིས་འགྲུབ་པ་དང་། བསྟན་སྦྱིན་ལྷ་སྡེ་རྣམས་ཀྱི་འདི་ཕྱིའི་དོན་གཉིས་ལེགས་འགྲུབ་ཡོང་བ་དང་། བྱུང་དང་འབྱུང་བཞིན་པའི་མེ་ཆུ་ས་རླུང་གི་འཇིགས་པ་དང་། ནད་མུག་འཁྲུག་རྩོད་ཀྱི་འཇིགས་པ་སོགས་འཇིག་རྟེན་ཁམས་ཀྱི་རྒུད་པ་ཐམས་ཅད་ཉེ་བར་ཞི་ཞིང་། སྣོད་བཅུད་ཞི་བདེའི་དཔལ་ཡོན་རྒྱས་པ་བཅས་ཀྱི་ཆེད་དུ་དམིགས་ནས། ལོ་དུས་ཀྱི་གསོལ་ཁ། ཟླ་དུས་ཀྱི་མཆོད་པ་རུ། ལོ་འགོ་ལ་སྲིད་རྒྱལ་འབུམ་ཚོགས་དང་། ལོ་མཇུག་ཏུ་དྲན་པའི་འབུམ་ཚོགས་ཆག་མེད་འབུལ་སྲོལ་ཡོད་པ་བཞིན།

འདི་ལོའི་བོད་ཟླ་ ༠༣ ༢༦ ནས་བཟུང་ ༠༤ པའི་ཚེས་ ༠༢ བར་བདུན་ཕྲག་གཅིག་གི་རིང་ལ་བླ་སྤྲུལ་དགེ་བའི་བཤེས་གཉེན་རྣམ་པ་དབུ་བཞུགས་ཀྱི་ཐོག་སྐྱབས་གནས་འདུས་སྡེ་རྒྱ་མཚོས་དམ་ཅན་བསྟན་སྲུང་ཡོངས་ཀྱི་གཙོ་མོ་མ་མཆོག་སྲིད་པ་རྒྱལ་མོའི་འབུམ་ཚོགས་ཀྱི་མཆོད་སྤྲིན་རྒྱས་འབུལ་དང་མངའ་གསོལ་ཕྲིན་བཅོལ་ཐུགས་བསྐྱེད་སྐྱབས་འཇུག་རྒྱ་མི་ཆུང་བ་གནང་བཞིན་ལགས་པས། གོང་གི་དམིགས་འདུན་ཐ་དག་མྱུར་འགྲུབ་ཡོང་བའི་རེ་སྨོན་དང་བཅས་ཁྱུང་ཐོག་རྒོད་ཀྱིས། ༢༠༡༨ ༠༥ ༡༣ཉིན་སྤེལ།

དགོངས་ཚུལ་མེད།

གསལ་བརྡ། གལ་སྲིད་སྐུ་ཉིད་ཀྱིས་རྩོམ་གྱི་གཤམ་དུ་དཔྱད་གཏམ་སྤེལ་ཚེ་ངེས་པར་མཁྱེན་དགོས་པ་ནི། རང་མིང་དངོས་དུ་བཀོལ་ནས་ཕན་ཚུན་གུས་བཀུར་དང་བརྩི་འཇོག་ལྡན་པའི་སྒོ་ནས་དཔྱད་མཆན་འདེབས་རྒྱུ་མ་ཟད་བསྟན་པར་འཚེ་བའི་རིགས་དགག་བྱ་རུ་དགོངས་དགོས་པ་དང་། དེ་བཞིན་ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་ནས་ཡུན་དུ་བརྟན་པ་དང་རྒྱས་དགོས་ཕྱིར་ཁྲིམས་འགལ་གཤེ་སྐུར་གྱི་རིགས་སྤང་བྱ་རུ་བཟུང་ནས་བསྟན་པ་སྤྱི་ལ་ཕན་པའི་མཆན་བུ་འདེབས་རོགས་གནང་ཞུ་ཞུ། །

ལན་སློགས།