ཕ་རན་སིའི་གཤེན་བསྟན་དར་རྒྱས་གླིང་དུ་༧སྐྱབས་རྗེ་ཞིང་གཤེགས་དམ་པར་རྗེས་དྲན་ཞུས་པ།

0
261

ནུབ་གླིང་བོན་གྱི་སྒྲུབ་སྡེའི་བསྟི་གནས་ཕ་རན་སིའི་གཤེན་བསྟན་དར་རྒྱས་གླིང་དུ་༧སྐྱབས་རྗེ་མཁན་ཆེན་ལུང་རྟོགས་བསྟན་པ་གཡུང་དྲུང་རིན་པོ་ཆེ་མཆོག་གིས་གཙོས་དགེ་སློབ་རྣམ་པ་དང་། ཨུ་རུ་སུའི་ནང་བཞུགས་ཨ་ཏ་བླ་མ་དགེ་སློབ་རྣམས་ཀྱིས་མཉམ་དུ་༧སྐྱབས་རྗེ་རྒྱལ་བ་སྨན་རིའི་ཁྲི་འཛིན་སོ་གསུམ་པ་མཆོག་བདེ་བར་གཤེགས་ནས་ལོ་གཅིག་ཧྲིལ་པོར་འཁོར་བའི་རྗེས་དྲན་དུ་དམ་པ་མཆོག་གི་སྐུ་པར་མཐོང་གྲོལ་རིན་པོ་ཆེའི་མདུན་རྣམ་ལྔའི་མཆོད་འབུལ་གྱི་བཤམས་བདར་ལེགས་པར་བགྱིས་ཏེ། དགོང་ཞོགས་དུས་ཚིགས་གཉིས་ཆར་མཚན་ལྡན་བླ་མ་མཆོད་ཐབས་ནོར་བུའི་ཕྲེང་བ་དང་། གསོལ་འདེབས་དབྱངས་སུ་གྱེར་ནས་དམ་པའི་སྐུ་གསུང་ཐུགས་གསུམ་གྱི་ཆེ་བ་རྗེས་སུ་དྲན་པ་དང་། བྱིན་རླབས་འཇུག་པའི་ཐབས་ཀྱི་གཙོ་བོ་བླ་མའི་རྣལ་འབྱོར་ལ་བརྩོན་ཅིང་མཐར་སྨོན་ལམ་གྱིས་མཚམས་སྦྱོར་དང་བཅས་ཏེ་རྗེས་དྲན་ཞུས།

ཕྱི་ལོ་ ༢༠༡༨ ཟླ་ ༠༩ ཚེས་ ༠༤ ཉིན།

 

དགོངས་ཚུལ་མེད།

གསལ་བརྡ། གལ་སྲིད་སྐུ་ཉིད་ཀྱིས་རྩོམ་གྱི་གཤམ་དུ་དཔྱད་གཏམ་སྤེལ་ཚེ་ངེས་པར་མཁྱེན་དགོས་པ་ནི། རང་མིང་དངོས་དུ་བཀོལ་ནས་ཕན་ཚུན་གུས་བཀུར་དང་བརྩི་འཇོག་ལྡན་པའི་སྒོ་ནས་དཔྱད་མཆན་འདེབས་རྒྱུ་མ་ཟད་བསྟན་པར་འཚེ་བའི་རིགས་དགག་བྱ་རུ་དགོངས་དགོས་པ་དང་། དེ་བཞིན་ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་ནས་ཡུན་དུ་བརྟན་པ་དང་རྒྱས་དགོས་ཕྱིར་ཁྲིམས་འགལ་གཤེ་སྐུར་གྱི་རིགས་སྤང་བྱ་རུ་བཟུང་ནས་བསྟན་པ་སྤྱི་ལ་ཕན་པའི་མཆན་བུ་འདེབས་རོགས་གནང་ཞུ་ཞུ། །

ལན་སློགས།