གསང་གསུམ་བོན་གྱི་མཛོད་འཛིན་༸སྐྱབས་རྗེ་རྒྱལ་བ་སྨན་རིའི་ཡོངས་འཛིན་སྨྲ་བའི་དབང་པོ་རིན་པོ་ཆེ་སྐུ་འཁོར་རང་དགོན་དུ་ཞབས་སོར་བདེ་བར་འཁོད་པ།

0
190
པར་པ་ཏི་སེའི་བུ།

༸གསང་གསུམ་བོན་གྱི་མཛོད་འཛིན་༸སྐྱབས་རྗེ་རྒྱལ་བ་སྨན་རི་བའི་ཡོངས་འཛིན་ཆེན་མོ་སློབ་དཔོན་བསྟན་འཛིན་རྣམ་དག་རིན་པོ་ཆེ་མཆོག་དང་། ༸སྐྱབས་རྗེ་མཁན་ཆེན་ལུང་རྟོགས་བསྟན་པ་གཡུང་དྲུང་རིན་པོ་ཆེ་རྣམ་གཉིས་འདི་ལོ་ཧྥ་རན་སི་གཙོས་པའི་ནུབ་ཕྱོགས་རྒྱལ་ཁབ་ཁག་ཏུ་སྐུ་གསུང་ཐུགས་ཀྱི་མཛད་ཕྲིན་ལེགས་པར་བསྐྱངས་ཏེ། ༢༠༡༨ ༡༡ ༢༠ ཉིན་ཧྥ་རན་སིའི་རྒྱལ་ས་པེ་རིས་སིའི་མཁའ་ལམ་བརྒྱུད་དེ་ཕྱི་ལོ་ ༢༠༡༨ ༡༡ ༢༢ དང་། ཧོར་ཟླ་༡༠ཚེས་༡༤་ཉིན་བལ་ཡུལ་རྒྱལ་ས་ཀ་ཋ་མན་གྲུའི་རྒྱལ་སྤྱིའི་གནམ་ཐང་དུ་ཞབས་སོར་བདེ་བར་འཁོད།

ཚེས་ ༢༣ ཉིན་གྱི་སྔ་དྲོ་ཕྱག་ཚོད་ ༩ ཐོག་གདན་ས་ཁྲི་བརྟན་ནོར་བུའི་རྩེར་ཞབས་སོར་བཀོད་དེ་འདུས་མང་དང་ལྷ་སྡེ་རྣམས་ཀྱིས་ཕེབས་བསུ་ཞུས་ནས་དགྱེས་ཚོར་ངང་ནས་མཇལ་ཁའི་བཀའ་དྲིན་བསྐྱང་གྲུབ་རྗེས་སུ་གཟིམས་ཆུང་བླ་བྲང་དུ་ཞབས་ཕེབས་གནང་བ་བཅས་ཀྱི་གནས་བསྡུས་སུ་མེ་ལོང་ཡེ་ཤེས་དྲ་བའི་གཙོ་སྒྲུབ་པས་༢༠༡༨ ༡༡ ༢༣ ཉིན་སྤེལ།། །།

དགོངས་ཚུལ་མེད།

གསལ་བརྡ། གལ་སྲིད་སྐུ་ཉིད་ཀྱིས་རྩོམ་གྱི་གཤམ་དུ་དཔྱད་གཏམ་སྤེལ་ཚེ་ངེས་པར་མཁྱེན་དགོས་པ་ནི། རང་མིང་དངོས་དུ་བཀོལ་ནས་ཕན་ཚུན་གུས་བཀུར་དང་བརྩི་འཇོག་ལྡན་པའི་སྒོ་ནས་དཔྱད་མཆན་འདེབས་རྒྱུ་མ་ཟད་བསྟན་པར་འཚེ་བའི་རིགས་དགག་བྱ་རུ་དགོངས་དགོས་པ་དང་། དེ་བཞིན་ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་ནས་ཡུན་དུ་བརྟན་པ་དང་རྒྱས་དགོས་ཕྱིར་ཁྲིམས་འགལ་གཤེ་སྐུར་གྱི་རིགས་སྤང་བྱ་རུ་བཟུང་ནས་བསྟན་པ་སྤྱི་ལ་ཕན་པའི་མཆན་བུ་འདེབས་རོགས་གནང་ཞུ་ཞུ། །

ལན་སློགས།